ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་ནང་མི་རིགས་ཀྱི་གླུ་གར་གྲགས་ཅན་ཏང་གི་བུ་མོ་ཞེས་པའི་འཁྲབ་སྟོན་ལ་བལྟས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཚེས18ཉིན་གྱི་དགོང་མོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་མི་རིགས་ཀྱི་གླུ་གར་གྲགས་ཅན་ཏང་གི་བུ་མོ་ཞེས་པའི་འཁྲབ་སྟོན་ལ་བལྟས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོརབརྒྱ་ལོན་པར་རྟེན་འབྲེལ་ཞུ་ཆེད། རྒྱལ་ཁབ་ཟློས་གང་ཁང་ཆེན་མོའི་ནང་དུ་མི་རིགས་ཀྱི་གླུ་གར་གྲགས་ཅན་ཏང་གི་བུ་མོ་ཞེས་པ་ཚེས13ཉིན་ནས་ཚེས18ཉིན་བར་དུ་ངོ་མཚར་འབུམ་གྱིས་ཕྱུག་པ་དང་བཅས་འཁྲབ་སྟོན་བྱས། ཚེས18ཉིན་གྱི་དགོང་མོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་འཁྲབ་སྟོན་ལ་བལྟས།

ཏང་གི་བུ་མོ་ཞེས་པའི་གླུ་གར་གྲགས་ཅན་དེ་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དེང་མའི་སྤྱིའི་ཆབ་སྲིད་པུའུ་ཡི་གླུ་གར་ཚོགས་པས1991ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་ཆེད་གསར་རྩོམ་འཁྲབ་སྟོན་བྱས་པ་དང་། དེ་ནི་དུས་རབས་སྔོན་མའི་ལོ་རབས90པའི་ནང་གི་གསར་བརྗེ་ལོ་རྒྱུས་གྲུབ་འབྲས་གལ་ཆེན་མངོན་པར་མཚོན་པ་ཞིག་ཡིན་ལ། རང་རྒྱལ་གྱི་ཆེས་ཤུགས་རྐྱེན་ཆེ་བའི་མི་རིགས་གླུ་གར་སྐད་གྲགས་ཆོད་པ་ཞིག་ཀྱང་ཡིན།

ཏིན་ཞུའེ་ཞང་དང་ཧུང་ཧྲིན་མེན་སོགས་ཀྱིས་འཁྲབ་སྟོན་ལ་བལྟས།

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། རྒྱལ་སའི་ལྟད་མོ་བ1500ལྷག་གིས་མཉམ་དུ་གླུ་གར་གྲགས་ཅན་དེར་བལྟས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།