ཀྲུང་གོ་བོད་ཀྱི་དྲ་བ།

སྐབས44བའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་གྱིས《ཧྥུའུ་ཀྲོའུ་སྒྲོག་གཏམ》ལ་གྲོས་འཆམ་བྱུང་སྟེ་རྒྱལ་སྤྱིའི་མཉམ་ལས་དང་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་གི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས44བའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་གྱིས《ཧྥུའུ་ཀྲོའུ་སྒྲོག་གཏམ》ལ་གྲོས་འཆམ་བྱུང་སྟེ། འཛམ་གླིང་ཤུལ་བཞག་སྲུང་སྐྱོང་དང་རྒྱལ་སྤྱིའི་མཉམ་ལས་སྤེལ་བའི་གལ་ཆེན་རང་བཞིན་དང་། དེ་མིན་ལག་རྡང་མཉམ་དུ་སྦྲེལ་ཏེ་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་གདོང་གཏོད་པའི་དགོས་ངེས་རང་བཞིན་བསྐྱར་སྒྲོག་བྱས། གསར་འགོད་པས་ཚེས18ཉིན་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས་བརྙན་རིས་ཀྱི་རྣམ་པས་འཛམ་གླིང་ཤུལ་བཞག་ཚོགས་ཆེན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་གསར་འགྱུར་དེ་ཤེས་རྟོགས་བྱུང་།

སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པའམ། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། སྐབས44བའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་གྱི་ཀྲུའུ་ཞི་ཐེན་ཞོས་ཅོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། 《ཧྥུའུ་ཀྲོའུ་སྒྲོག་གཏམ》ལས་བསྟན་དོན། འཛམ་གླིང་ཤུལ་བཞག་དེ་རིག་གནས་ཀྱི་ནོར་བུ་དང་རང་བྱུང་གཅེས་ནོར་ཡིན་པའི་ཆ་ནས། དཔལ་ཡོན་བརྗེ་རེས་སྐུལ་འདེད་དང་། འཛམ་གླིང་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་བཞག་ཅིང་། སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་པ་དང་། འཛམ་གླིང་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ཞེས་བསྟན། 

《ཧྥུའུ་ཀྲོའུ་སྒྲོག་གཏམ》ཀྱིས་སྣེ་མང་རིང་ལུགས་ཀྱི་སྒྲིག་གཞི་ནང་རྒྱལ་སྤྱིའི་མཉམ་ལས་དམ་ཟབ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་སྒོས་སུ་ཨ་ཧྥེ་རི་ཁ་གླིང་དང་གླིང་ཕྲན་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་ཤུལ་བཞག་སློབ་གསོ་དང་། ཤེས་བྱ་མཉམ་རོལ།ལག་རྩལ་གསར་བའི་བེད་སྤྱོད་བཅས་ལ་ཤུགས་བསྣོན་དགོས་པའི་འབོད་སྐུལ་གནང་། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།