ཞི་ཅིན་ཕིང་གིས་འཛམ་གླིང་ཤུལ་བཞག་རྒྱུ་ནོར་ཚོགས་ཆེན་སྐབས་ཞེ་བཞི་བར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཤུལ་བཞག་རྒྱུ་ནོརཚོགས་ཆེན་སྐབས་ཞེ་བཞི་བར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་གི་རིག་གནས་དང་རང་བྱུང་རྒྱུ་ནོར་ནི་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་དང་རང་བྱུང་རིམ་འགྱུར་གྱི་གྲུབ་འབྲས་གལ་ཆེན་ཡིན་ལ། རིག་གནས་མི་འདྲ་བ་བརྗེ་རེས་ཁྱབ་སྤེལ་གྱི་བརྒྱུད་ལམ་གལ་ཆེན་ཡང་ཡིན། རིན་ཐང་བྲལ་བའི་ཚེ་ནོམ་འདི་དག་ལ་སྲུང་སྐྱོབ་དང་རྒྱུན་འཛིན། བེད་སྤྱོད་བཅས་གང་ལེགས་བྱེད་རྒྱུ་ནི་ང་ཚོ་ཐུན་མོང་གི་འོས་འགན་ཡིན་པར་མ་ཟད། མིའི་རིགས་ཀྱི་དཔལ་ཡོན་རྒྱུན་མཐུད་དང་འཛམ་གླིང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱེད་པའི་ཉེར་མཁོའི་བླང་བྱ་ཡིན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།