ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལིར་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། ཀྲུང་ནན་ཧེ་ཙི་ཀུང་ཀི་ནས་དུས་བཅད་ལྟར་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་ལ་ཁ་པར་བཏང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལས་ཁུངས་ཀྱི་བདེ་འཇགས་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ཆེས་གནད་འགག་ནི་ཤུགས་ཆེན་པོས་རྨས་མ་མྱུར་སྐྱོབ་བྱས་ཏེ། འབྲེལ་ཡོད་ལས་དོན་གྱི་གཞུག་ལེགས་པོ་སྐྱོང་རྒྱུ་དེ་ཡིན། རེ་བ་ཡིན་ན་ཕ་ཁི་སི་ཐན་ཕྱོགས་ཀྱིས་ལས་དོན་ཚན་ཁག་ལ་མཐུན་སྦྱོར་རོགས་རམ་བྱས་ནས། ནན་ཏན་དང་འགན་ཁུར་བའི་ངོས་ནས་གནད་དོན་གྱི་བདེན་དོན་ངོ་མ་བཙལ་དགོས་པར་མ་ཟད། འཇིགས་སྐུལ་ལག་དམར་ཁྲིམས་ལ་སྦྱོར་དགོས། 

དབྱི་མུའུ་ལན་ཧན་གྱིས་བསྟན་དོན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ནུས་ཤུགས་གང་ཡོད་བཏོན་ནས་རྨས་མ་སྐྱོབ་རྒྱུ་ཡིན་ལ། འགྱོད་པ་ཅི་ཡང་མེད་པའི་སྒོ་ནས་དོན་རྐྱེན་གྱི་བདེན་དོན་རྩད་གཅོད་བྱེད་རྒྱུ་ཡིན་པར་མ་ཟད། གང་མགྱོགས་ངང་ལག་དམར་ཁྲིམས་ལ་སྦྱར་ཏེ། ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་མི་སྣ་དང་ལས་ཁུངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་ནུས་ལྡན་བྱེད་རྒྱུ་ཡིན།

ཧི་ལིས་ཧྥུན་ཐེངས་འདིའི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།