ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གིས2021ལོའི་དཔྱིད་དུས་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོ་བསྡུས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ (རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཡིས་ཚེས15ཉིན2021ལོའི་དཔྱིད་དུས་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་ཏང་གི་སློབ་གྲྭ (རྒྱལ་ཁབ་སྲིད་འཛིན་སློབ་གླིང)གི་སློབ་གཙོ་ཁྲིན་ཞི་མཐར་ཕྱིན་མཛད་སྒོར་ཞུགས་པ་མ་ཟད། སློབ་མར་མཐར་ཕྱིན་འཛིན་ཡིག་གནང་། 

ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སྐབས་འདིའི་མཐར་ཕྱིན་སློབ་མ1279ཡོད་ཅིང་། མཐར་ཕྱིན་མཛད་སྒོའི་སྟེང་སློབ་མ10ཡིས་འཐུས་ཚབ་གཏམ་བཤད་གནང་། སློབ་མ་ཚོས་གཅིག་གྱུར་གྱིས་སློབ་སྐབས་འདིར་ཏང་གི་ལོ་བརྒྱའི་འཁྲུངས་སྐར་དང་དགྱེས་སྟོན་ལ་སློབ་སྦྱོང་བྱས་པས། དམིགས་བསལ་དོན་སྙིང་ལྡན་ལ་བརྗེད་དཀའ་བ་ཞིག་རེད། ཏང་གི་སློབ་གྲྭའི་སློབ་སྦྱོང་གསོ་སྦྱོང་བྱས་པ་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་ཏེ། ཏང་གི་གཞུང་ལུགས་སློབ་གསོ་དང་།ཏང་གཤིས་སློབ་གསོ། ནུས་ཤུགས་གསོ་སྦྱོང་དང་ལེན་བྱས་ཏེ། ཏང་གི་གཞུང་ལུགས་གསར་གཏོད་ཀྱི་རྒྱུས་ལོན་དང་ངོས་ཤེས་ཟབ་སྤེལ་བྱས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་དད་མོས་སྲ་བརྟན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་ཆེས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། “སྲུང་སྐྱོང་གཉིས”ཀྱི་རང་འགུལ་རང་བཞིན་མཐོར་འདེགས་སུ་བཏང་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།