ཀྲུང་གོ་བོད་ཀྱི་དྲ་བ།

སྐབས30བའི་རྒྱལ་ཡོངས་དཔེ་དེབ་ཉོ་ཚོང་བརྗེ་རེས་དངོས་མང་བཤམས་སྟོན་ཚོགས་འདུ་མགོ་བརྩམས།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས15ཉིན། སྐབས30པའི་རྒྱལ་ཡོངས་དཔེ་དེབ་ཉོ་ཚོང་བརྗེ་རེས་དངོས་མང་བཤམས་སྟོན་ཚོགས་འདུ་ཧྲན་ཏུང་ཅི་ནན་དུ་མགོ་བརྩམས། སྐབས་འདིའི་དཔེ་དེབ་དངོས་མང་བཤམས་སྟོན་ཚོགས་འདུས“ཏང་གི་ལོ་བརྒྱར་གུས་འདུད་ཞུས་ནས་དཔེ་དེབ་ཀྱི་དགྱེས་སྟོན་ལ་རོལ་བ”བརྗོད་དོན་དུ་བྱས་ཏེ། གནས་ཚད་ཡོངས་ནས་དུས་རབས་གསར་བའི་གསར་འགྱུར་པར་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་བྱས། དཔེ་དེབ་དངོས་མང་བཤམས་སྟོན་ཚོགས་འདུར་ཞིང་ཆེན་དང་།(ཆུས་དང་གྲོང་ཁྱེར)ཞང་ཀང་དང་ཨའོ་མིན། ཐེ་ཝན་བཅས་ཀྱི་པར་སྐྲུན་འགྲེམ་སྤེལ་ལས་ཁུངས1600ལྷག་ཞུགས་ཤིང་། འགྲེམ་སྟོན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི10ལ་སླེབས་ཡོད། 

སྐབས་འདིའི་དངོས་མང་བཤམས་སྟོན་ཚོགས་འདུའི་སྟེང་ཁྱོན་བསྡོམས་སྤུས་ལེགས་པར་སྐྲུན་དངོས་པོ་དང་རིག་གནས་གསར་སྐྲུན་ཐོན་རྫས་རིགས་ཁྲི40ལྷག་བཀྲམ་པ་དང་། དེའི་ཁྲོད་ཏང་གི་ལོ་བརྒྱར་གུས་འདུད་ཞུ་བ་དང་། དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པའི་པར་སྐྲུན་བརྩམས་ཆོས་སྐོར་ཞིག་བཀྲམ་ཞིང་། དེ་དག་ནི་མིག་ལ་ཆེས་མཛེས་པའི་རྒྱུ་རུ་གྱུར་ཡོད། ཧུའུ་ནན་འགྲེམ་ཁུལ་དུ། ཡུལ་དངོས་སུ་བརྗོད་དོན་པར་སྐྲུན་དེབ་གསར་རིགས50ཁྱབ་བསྒྲགས་བྱས། 

སྐབས་འདིའི་དཔེ་དེབ་དངོས་མང་བཤམས་སྟོན་ཚོགས་འདུའི་ཚོགས་ར་གཙོ་བོ་ནི་ཧྲན་ཏུང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བཀོད་སྒྲིག་བྱས་པ་དང་། དུས་མཉམ་དུ་ཡན་ཐེ་གྲོང་ཁྱེར་དང་ཐེ་ཨན་གྲོང་ཁྱེར་དུ་ཡན་ལག་ཚོགས་ར་བཙུགས་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།