ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་ལ་རང་རྒྱལ་གྱི་མགྱོགས་སྐྱེལ་ལས་སྒོའི་སྤྱི་འབོར་དུས་མཉམ་ལས45.8%འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ལོ་སྟོད་ལ། རྒྱལ་ཡོངས་ཀྱི་མགྱོགས་སྐྱེལ་ཞབས་ཞུ་ཁེ་ལས་ལས་སྒོའི་སྤྱི་འབོར་འབོག་སྒྲིལ་དུང་ཕྱུར493.9ལེགས་འགྲུབ་བྱས་པ་དང་དུས་མཉམ་ལས45.8%འཕར་ཡོད། ལས་སྒོའི་སྤྱིའི་ཡོང་འབབ་བསྡོམས་པས་སྒོར་དུང་ཕྱུར4842.1ཡོད་པ་དང་དུས་མཉམ་ལས26.6%འཕར་ཡོད། ཟླ6པར་རྒྱལ་ཡོངས་ཀྱི་མགྱོགས་སྐྱེལ་ཁེ་ལས་ཀྱི་ལས་སྒོའི་སྤྱི་འབོར་འབོག་སྒྲིལ་དུང་ཕྱུར97.4ལེགས་འགྲུབ་བྱས་པ་དང་དུས་མཉམ་ལས30.4%འཕར་བ་དང་། ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར916.3དང་དུས་མཉམ་ལས15%འཕར་ཡོད།

གསར་འགོད་པས་ཚེས15ཉིན་རྒྱལ་ཁབ་སྦྲག་སྲིད་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་སྦྲག་སྲིད་ཅུའུ་ཡི་བསྡོམས་རྩིས་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་ལ། རྒྱལ་ཡོངས་ཀྱི་མགྱོགས་སྐྱེལ་ཞབས་ཞུ་ཁེ་ལས་ཀྱི་གྲོང་ཁོངས་ལས་སྒོའི་བསྡོམས་འབོར་འབོག་སྒྲིལ་དུང་ཕྱུར64.6ལེགས་འགྲུབ་བྱས་ཤིང་དུས་མཉམ་ལས14.9%འཕར་ཡོད། ཡུལ་གཞན་ལས་སྒོའི་བསྡོམས་འབོར་འབོག་སྒྲིལ་དུང་ཕྱུར418.4དང་དུས་མཉམ་ལས52.2%འཕར་ཡོད། རྒྱལ་སྤྱི་དང་ཀང་ཨའོ་ཐའེ་ལས་སྒོའི་བསྡོམས་འབོར་འབོག་སྒྲིལ་དུང་ཕྱུར10.9ལེགས་འགྲུས་པ་དང་དུས་མཉམ་ལས43.1%འཕར། ན་ནིང་གི་དུས་མཉམ་དང་བསྡུར་ན། ཤར་རྒྱུད་ས་ཁུལ་གྱི་མགྱོགས་སྐྱེལ་ལས་སྒོའི་བསྡུར་ཚད་བརྒྱ་ཆའི་ཚེག1.5ཆག་པ་དང་། དབུས་རྒྱུད་ས་ཁུལ་གྱི་མགྱོགས་སྐྱེལ་ལས་སྒོའི་བསྡུར་ཚད་བརྒྱ་ཆའི་ཚེག1.6འཕར་ཞིང་། ནུབ་རྒྱུད་ས་ཁུལ་གྱི་མགྱོགས་སྐྱེལ་ལས་སྒོའི་བསྡུར་ཚད་བརྒྱ་ཆའི་ཚེག0.1ཆག་ཡོད།

ད་ལོའི་ལོ་སྟོད་ལ། རྒྱལ་ཡོངས་སྦྲག་སྲིད་ལས་སྒོའི་ཡོང་འབབ་བསྡོམས་པས་སྒོར་དུང་ཕྱུར6143.9ལེགས་འགྲུབ་བྱས་ཤིང་། དུས་མཉམ་ལས22.2%འཕར་ཡོད། ལས་སྒོའི་སྤྱི་འབོར་ཀྱི་ཡོང་འབབ་སྒོར་དུང་ཕྱུར6424.7དང་དུས་མཉམ་ལས34.4%འཕར་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།