ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་མགོ་ཁྲིད་ཀྱི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུང་དབྱིན་གྱིས་ཟླ7པའི་ཚེས15ཉིན་ཁྱབ་བསྒྲགས་བྱས་དོན། ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ཏི་ཨིན་གྱིས་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ7པའི་ཚེས16ཉིན་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འགོ་ཁྲིད་ཀྱི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་རྒྱུ་རེད། ཐེངས་འདིའི་ཚོགས་འདུ་ནི་ད་ལོར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་ཡིན་པའི་ནེའུ་ཙི་ལན་རྒྱལ་ཁབ་ཀྱིས་གྲོས་འགོ་བཏོན་ནས་འཚོགས་རྒྱུ་ཡིན་ལ། དེའི་བརྗོད་དོན་གཙོ་བོ་ནི“པྲོག་གསར་གློ་ཚད་རིམས་ནད་ཀྱི་རྒྱབ་ལྗོངས་འོག་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་དུ་ཇི་ལྟར་གོ་སྐབས་དམ་འཛིན་བྱས་ཏེ། མཉམ་ལས་སྒོས་འཕྲོད་བསྟེན་ཉམས་ཉེན་ལ་ཁ་གཏད་འཇལ་རྒྱུ་དང་དཔལ་འབྱོར་སླར་གསོ་འབྱུང་བར་ཤུགས་བསྣན་ནས་མ་འོངས་འཕེལ་རྒྱས་ལ་རྨང་གཞི་འདིང་དགོས”ཞེས་པ་དེ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།