ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས་ 

ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་གྱི་དག་ཐེར་ལས་དོན་བཀོད་སྒྲིག་བྱས་པ་དང་ །

གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲེམས་མ་ལག་འཐུས་ཚང་དུ་གཏོང་བའི་བྱ་ཐབས་གཏན་ཁེལ་བྱས་ནས་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྔར་བས་སྐོང་དགོས་པར་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་གྱི་དག་ཐེར་ལས་དོན་བཀོད་སྒྲིག་བྱས་པ་དང་། གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲེམས་མ་ལག་འཐུས་ཚང་དུ་གཏོང་བའི་བྱ་ཐབས་གཏན་ཁེལ་བྱས་ནས་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྔར་བས་སྐོང་དགོས་པར་བསྟན། 

ཚོགས་འདུས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་འབྲེལ་ཡོད་སྡེ་ཁག་གིས2020ལོའི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་། ནོར་སྲིད་ཀྱི་གཏོང་ཡོང་གཞན་དག གཞུང་ཁོངས་རྒྱུ་ནོར་དོ་དམ་སོགས་ལ་རྩིས་བཤེར་བྱས་ཤིང་། མཇུག་འབྲས་ཉེ་དུས་ཁྱབ་བསྒྲགས་བྱས་ཡོད། ཚོགས་འདུས་བླང་བྱ་འདོན་རྒྱུར། གཅིག རྩིས་བཤེར་ལས་རྩད་ཆོད་པའི་གནད་དོན་ལ་འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་མྱུར་དུ་བཅོས་སྒྲིག་རྩིས་ཐོ་བཟོས་ནས་འགན་འཁྲི་དོན་འཁྱོལ་ནན་མོ་དང་དག་ཐེར་གནད་ཁེལ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་དག་ཐེར་ཡོ་བསྲང་བྱས་ཚུལ་གཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ནང་དོན་དུ་འཇུག་པ་དང་། རྗེས་སྙེག་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། དག་ཐེར་ཡོ་བསྲང་ཁྲོད་སྐུལ་འདེད་གཏོང་ཤུགས་མི་འདང་བ་དང་ཁྲལ་སེལ་སླ་བཅོས། རྫུན་བཟོ་རྫུན་སྒྲིག་སོགས་ཀྱི་བྱ་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་བྱ་དགོས། ད་ལོའི་ཟླ10པའི་ཟླ་མཇུག་སྔོན། དག་ཐེར་ཡོ་བསྲང་བྱས་འབྲས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་རྗེས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས།  གཉིས། གཙོ་གནད་ནན་འཛིན་གྱིས་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ་ངན་པ་མིག་དཔེར་འཛིན་མཁན་ལ་གསལ་བརྡ་གཏོང་དགོས། སྒྲིག་འགལ་ངང་ཚོང་ཟོག་འབོར་ཆེན་ལོག་ཚོང་རྒྱག་པ་དང་ཁྲལ་གཡོ་ཁྲལ་གཡོལ་བྱེད་པ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གྱི་ཁུངས་སྣེར་རྩིས་བཤེར་བྱས་ནས་ཤེས་རྟོགས་བྱུང་ཡོད། གནད་དོན་དེ་དག་གིས་རྒྱུན་གཏན་གྱི་ཁྲོམ་རའི་སྒྲིག་ལམ་དང་འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ཟང་ཟིང་བཟོས་ནས་རྒྱལ་ཁབ་ཀྱི་ཁྲིམས་བཀོལ་ཁྲལ་བསྡུའི་རྨང་གཞིར་གནོད་འཚེ་བཟོས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་དོན་བརྟག་དཔྱད་ཚོ་ཆུང་བཙུགས་ཏེ། ཚན་པ་གང་ཞིག་དང་རིམ་པ་གང་ཞིག་ལ་འབྲེལ་བ་ཡོད་རུང་ཚང་མར་ཞིབ་བཤེར་མཐར་ཕྱིན་པ་བྱས་ནས་འགན་འཁྲི་བདའ་འདེད་གཏོང་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་གཅོད་དགོས་རིགས་ལ་ཆད་པ་གཅོད་པ་དང་། ཐག་གཅོད་བྱེད་དགོས་རིགས་ལ་ཐག་གཅོད་བྱ་རྒྱུཡིན་ལ། འཛིན་དགོས་རིགས་ལ་བཟུང་ནས་བཟོད་སྒོམ་དང་སྙིང་རྗེ་གཏན་ནས་མི་བྱེད། བསམ་བཞིན་དུ་ཁྲིམས་འགལ་སྒྲིག་འགལ་བྱེད་པར་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་དགོས། དཔེ་མཚོན་ཅན་གྱི་གྱོད་དོན་ཡོངས་གྲགས་དམར་རྗེན་དུ་འདོན་དགོས། གསུམ། ཟུར་བསྟན་ལེབ་མཐོང་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་འབྲེལ་ཡོད་ལམ་ལུགས་དང་གཏན་འབེབས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྲོལ་དང་སྒྲིག་སྲོལ་བཟོ་བཅོས་རྒྱག་དགོས་རིགས་གང་མགྱོགས་སྒོས་བཟོ་བཅོས་བྱེད་པ། ལམ་ལུགས་ལག་བསྟར་དང་རྩིས་བཤེར། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྩ་ལག་མཉམ་བཅོས་བྱ་དགོས།  བཞི། སྲིད་གཞུང་གིས་འཚོ་བ་དམ་པོ་སྐྱེལ་བ་དང་མི་དམངས་ལ་འཚོ་བ་སྐྱིད་པོ་རོལ་དུ་འཇུག་རྒྱུ་རྒྱུན་འཁྱོངས་བྱ་དགོས། མིག་སྔའི་ནོར་སྲིད་དུས་བབ་ཇེ་ལེགས་སུ་ཕྱིན་མོད། འོན་ཀྱང“གཞུང་གསུམ”འགྲོ་གྲོན་ལྷུག་ཏུ་མི་གཏོང་བར་ནོར་དཔལ་སྒྲིག་ལམ་ཇེ་ནན་དུ་བཏང་ནས་སྒྲིག་འགལ་ངང་སྲིད་འཛིན་འཁོར་རྒྱུག་གི་མ་གནས་ཇེ་མང་དུ་གཏོང་མི་རུང་། ལྔ། གཏན་འཁེལ་བྱས་ཟིན་པའི་ཁྲལ་འཕྲི་དངུལ་གཅོག་དང་། ལས་གནས་བརྟན་གཏོང་དང་ལས་ཞུགས་རྒྱ་ཆེར་གཏོང་བ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པ། ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཁེ་སྐྱོང་དམངས་ཕན་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་དགོས། རྒན་གསོ་དང་སློབ་གསོ། སྨན་བཅོས། སྡོད་ཁང་སོགས་དམངས་འཚོའི་མ་དངུལ་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ་ལས་ཧམ་བཟུང་དང་གཞན་སྤྱོད་གཏན་ནས་བྱེད་མི་རུང་། སྤྱི་པའི་མ་དངུལ་དང་སྤྱི་པའི་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་ལེན་བྱས་ནས་མི་དམངས་ལ་འགན་འཁུར་དགོས། 

ཚོགས་འདུས་བསྟན་དོན། གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲེམས་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་ནས་ཞིང་ལས་ཐོན་རྫས་གྲོང་ཚོ་ནས་ཐོན་ཏེ་གྲོང་ཁྱེར་དུ་བསྐྱོད་པ་དང་། འཛད་སྤྱོད་ཐོན་རྫས་གྲོང་གསེབ་ཏུ་གཤམ་སྐྱོད་བྱེད་པར་སྔར་བས་སྟབས་བདེ་སྐྲུན་རྒྱུ་ནི། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་པའི་ཡོང་འབབ་ཇེ་མང་དུ་གཏོང་བ། གྲོང་གསེབ་ཀྱི་ནང་མཁོའི་རྟིང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། གཅིག གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་དང་གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲེམས་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།  “དྲ་སྦྲེལ་+”ལ་བརྟེན་ནས་གྲོང་ཁྱེར་གྱི་ཚོང་ར་དང་དངོས་ཟོག་འགྲེམས་སྐྱེལ་ཁེ་ལས་དང་། ཞིང་དུད་ཞིང་ར། ཞིང་པའི་མཉམ་ལས་ཁང་སོགས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་ལས་ཅན་གྱི་ཞིང་ལས་ཐོན་རྫས་སྐུར་སྐྱེལ་གྱི་ཞབས་ཞུ་དང་འཁྱག་སྦྲེལ་མཛོད་ཉར་ལས་སྣོན་སྒྲིག་བཀོད་འཕེལ་རྒྱས་བཏང་ནས། ཞིང་ལས་ཐོན་རྫས་བྲིན་འཚོང་ལ་རོགས་འདེགས་བྱེད་པ་དང་། ལྷག་པར་དུ་དབུལ་ཐར་ས་ཁུལ་གྱི་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཉིས། “མྱུར་སྐྱེལ་གྲོང་ཚོར་སྐྱོད་པ”ལ་རིགས་དབྱེ་ནས་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་སྒོས་ཁ་གསབ་དགོས། ཤར་རྒྱུད་དང་དབུས་རྒྱུད་ཀྱི་གྲོང་གསེབ་ས་ཁུལ་དུ་ཁྲོམ་རའི་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཁེ་ལས་གྲོང་ཚོར་བཅའ་སྡོད་བྱེད་པར་ས་ཚིགས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་མྱུར་སྐྱེལ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ནུབ་རྒྱུད་གྲོང་གསེབ་ས་ཁུལ་དུ་སྦྲག་སྐྱེལ་གྱི་མཇུག་སྣེའི་སྐུར་སྐྱེལ་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། མྱུར་སྐྱེལ་དང་མཁོ་འཚོང་སོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“མྱུར་སྐྱེལ་གྲོང་ཚོར་སྐྱོད་པ”ཡི་ཁྱབ་རྒྱ་ཆེ་རུ་གཏོང་དགོས། གསུམ། སྐུར་སྐྱེལ་ཁྱབ་ཁོངས་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ལུགས་མཐུན་མིན་པ་དང་དགོས་ངེས་མིན་པའི་ཚོད་འཛིན་མེད་པ་བཟོས་ནས་གྲོང་གསེབ་ཀྱི་མྱུར་སྐྱེལ་མཇུག་སྣེའི་ཞབས་ཞུའི་ལས་དོན་གོང་འཕེལ་གཏོང་བར་སྐུལ་མ་བཏང་སྟེ། ད་ཡོད་ཀྱི་སྒྲིག་བཀོད་བེད་སྤྱད་ཅིང་གྲོང་ཚོ་རིམ་པའི་སྐུར་སྐྱེལ་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བཙུགས་ནས། གྲོང་གསེབ་ཀྱི་མཇུག་སྣེའི་སྐུར་སྐྱེལ་མ་གནས་ཇེ་ཆུང་དུ་གཏོང་དགོས། སྐུར་སྐྱེལ་ཟོག་འགྲེམས་ཞབས་ཞུའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། འདྲ་མཉམ་འགྲན་རྩོད་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས། 

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།