ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས14ཉིན་ནས་བཟུང་། རྒྱལ་ཁབ་ཀྱི་མགོ་གཡོག་མགོ་སྐོར་ལ་འགོག་རྒོལ་བྱེད་པའི་ལྟེ་གནས་དང་བཟོ་འཕྲིན་པུའི་མགོ་གཡོག་མགོ་སྐོར་ལ་འགོག་རྒོལ་བྱེད་པའི་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག ཁྱེད་ལ་མགོ་གཡོག་མགོ་སྐོར་ལ་འགོག་རྒོལ་བྱེད་པའི་ཉེན་བརྡའི་འཕྲིན་ཐུང་རིན་མེད་ངང་བསྐུར་རྒྱུ་ཡིན་ཞིང་། གལ་ཏེ་ཁྱེད་ལ12381ཉེན་བརྡའི་འཕྲིན་ཐུང་འབྱོར་ཚེ། ཁྱེད་ཀྱིས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཐེབས་པར་དོགས་ཟོན་བྱ་དགོས།
ཉེན་བརྡའི་འཕྲིན་ཐུང་དེའི་ནང་དུ་དྲ་ཚུགས་སྦྲེལ་མཐུད་དང་། སྐད་འཕྲིན། QQཨང་གྲངས། ཁ་པར་ཨང་གྲངས་སོགས་འབྲེལ་གཏུག་བྱེད་སྟངས་སོགས་གང་ཡང་མེད་པས་ཕྱིར་ལན་བསློག་པའམ་ཁ་པར་གཏོང་མི་དགོས། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
སང་ཉིན་ནས་བཟུང12381བརྡ་འཕྲིན་འབྱོར་ཚེ་ངེས་པར་ཏུ་བལྟ་དགོས།