ཀྲུང་གོ་བོད་ཀྱི་དྲ་བ།

སུང་ཁྲུང་ལན་གྱིས་སྐབས་སོ་གཉིས་པའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲུང་ལན་གྱིས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་རུ་མི་འགྱངས་བར་སྐབས་སོ་གཉིས་པའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་ཡོངས་ལ་བྱམས་བརྩེའི་ངང་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་དང་སྦྲགས། ལུས་རྩལ་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ངག་བཅོལ་ཟབ་མོ་སེམས་ལ་དམ་པོ་འཛིན་རྒྱུ་དང་། འགན་འཁྲི་ཕྲག་ཏུ་བླངས་ཤིང་འབད་པ་ཅི་ནུས་སྒོས་ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀའི་ཆ་ནས་གྲུབ་འབྲས་བཟང་བོ་ལོན་ཅི་ཐུབ་བྱས་ཏེ་སྐར་ལྔའི་དར་དམར་དེ་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་རའི་མཐོ་ས་རུ་ལྷབ་ལྷུབ་ཏུ་གཡོ་བར་བྱས་ནས་ཏང་དང་མི་དམངས་ལ་སྔར་ལས་ལྷག་པའི་གཟི་བརྗིད་བརྩོན་ལེན་བྱ་དགོས།

སྐབས་སོ་གཉིས་པའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་དེ་ཟླ7པའི་ཚེས23ཉིན་ནས་ཟླ8པའི་ཚེས8ཉིན་བར་འཇར་པན་གྱི་ཏུང་ཅིན་ནས་བསྡུ་རྒྱུ་རེད། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་མི777གྱིས་གྲུབ་ཞིང་དེའི་ཁྲོད་ལུས་རྩལ་པ་མི431ཡོད། ཁོ་ཚོ་ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམས་གྲངས་ཆེ་གྲས30དང་ཆུང་གྲས225ནང་ཞུགས་རྒྱུ་རེད། འདི་ནི་རྒྱལ་ཁབ་ཕྱི་རུ་བསྡུས་པའི་ཨོ་རྩལ་འགྲན་ཚོགས་ཁྲོད་རྣམས་གྲངས་ཆུང་བ་ཞུགས་ཚད་ཆེས་མང་བའི་ཐེངས་ཤིག་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།