2021ལོའི་སྐྱེ་ཁམས་དཔལ་ཡོན་ཀོས་དབྱང་རྒྱལ་སྤྱིའི་གླེང་སྟེགས་ཀོས་དབྱང་ནས་ཚོགས་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས12ཉིན། 2021ལོའི་སྐྱེ་ཁམས་དཔལ་ཡོན་ཀོས་དབྱང་རྒྱལ་སྤྱིའི་གླེང་སྟེགས་ཀོས་དབྱང་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ལིས་ཀྲན་ཧྲུའུ་ཡིས་ཐོག་མར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཚབ་མཛད་དེ་སྐབས་འདིའི་གླེང་སྟེགས་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ལིས་ཀྲན་ཧྲུའུ་ཡིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱིའི་བཀོད་སྒྲིག་ནང་བཞག་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཆགས། དགོངས་པ་དེས་རང་བྱུང་ཆོས་ཉིད་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་རིགས་གཞུང་མཛུབ་སྟོན་དང་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱས་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་ཀྱིན་ཡོད་པ་ཁྱབ་བསྒྲགས་བྱས། ཀྲུའུ་ཞི་ཞི་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་ལྔ་བར་ཞུགས་སྐབས། ཀྲུང་གོས་ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་ཐཱན་རྩེར་སོན་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་པ་དང་ཉིས་སྟོང་དྲུག་ཅུ་ལོའི་སྔོན་ལ་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སའི་གོ་ལའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པར་བྱས་རྗེས་འཇོག་ངེས་ཡིན། གཅིག སྐྱེ་ཁམས་དཔལ་ཡོན་འདུ་ཤེས་བརྟན་པོར་ཆགས་པར་བྱེད་དགོས། གཉིས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། གསུམ། བཙོག་བཟོ་འགོག་བཅོས་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་དགོས། བཞི། བཅའ་ཁྲིམས་དང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས། ལྔ། ཧུར་ཐག་སྒོས་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།