ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་བའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།
བསམ་འཆར་ལས་བསྟན་དོན། བསམ་བློ་ཆབ་སྲིད་བྱ་བ་ནི་ཏང་གི་སྲོལ་རྒྱུན་བཟང་བོ་དང་ཁྱད་ཆོས་མངོན་གསལ་ལྡན་ལ། ཆབ་སྲིད་ཁྱད་སྟོབས་འབུར་དུ་ཐོན་པ་དང་། བྱ་བ་ཡོད་ཚད་ཀྱི་སྲོག་རྩ་ཡིན། བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་དེ་ཏང་གི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་ལ་འབྲེལ་བ་ཡོད་པ་དང་། མི་རིགས་ཀྱི་གཅིག་སྡུད་སྟོབས་ཤུགས་དང་ལྟེ་བར་ཕྱོགས་པའི་སྟོབས་ཤུགས་ལ་འབྲེལ་བ་ཡོད། བསམ་འཆར་ནང་དུ་སྤྱིའི་རེ་བ་དང་བསམ་བློ་ཆབ་སྲིད་བྱ་བ་དེ་ཏང་སྐྱོང་རྒྱལ་སྐྱོང་བྱེད་པའི་རྣམ་པ་གལ་ཆེན་བརྩི་བ། བསམ་བློ་ཆབ་སྲིད་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། གཞི་རིམ་བསམ་བློ་ཆབ་སྲིད་བྱ་བའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། དུས་རབས་གསར་བའི་བསམ་བློ་ཆབ་སྲིད་བྱ་བའི་དྲང་བདེན་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བསམ་བློ་ཆབ་སྲིད་བྱ་བར་མཉམ་དུ་སྐུལ་འདེད་གཏོང་བའི་ཆགས་སྟངས་ཆེན་པོ་གསར་སྐྲུན་བྱེད་པ་བཅས་ཁག་དྲུག་འདུ།
བསམ་འཆར་ལས་བསྟན་དོན། གཞི་རིམ་བསམ་བློ་ཆབ་སྲིད་བྱ་བའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཁེ་ལས་ཀྱི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དགོས་པ་དང་། ཞིང་སྡེའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དགོས་པ། ཞིང་སྡེའི་བསམ་པའི་དཔལ་ཡོན་དང་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ། ལས་ཁུངས་ཀྱི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དགོས་པ། སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དགོས་པ། གཞིས་ཁུལ་གྱི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དགོས་པ། དྲ་རྒྱའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དགོས་པ། རྒྱ་ཆེའི་མང་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆའི་འོག་ཏུ་མཐུན་སྒྲིལ་དམ་པོ་བྱེད་དགོས།
བསམ་འཆར་ལས་བསྟན་དོན། དུས་རབས་གསར་བར་བསམ་བློ་ཆབ་སྲིད་བྱ་བའི་དྲང་བདེན་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་རང་བཞིན་གྱི་བརྗོད་དོན་ལག་ལེན་རྒྱ་བསྐྱེད་པ་དང་། རིག་གནས་ལ་བརྟེན་ནས་མི་སྐྱེད་སྲིང་བྱེད་པར་སྔར་ལས་ཡིད་འཇོག་བྱེད་དགོས་ལ། སྔོན་ཐོན་དང་དཔེ་སྟོན་དཔེ་ལེགས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མི་གཞུང་ཐུགས་ཁུར་དང་སེམས་ཁམས་ཁྲིད་སྟོན་ལ་ཤུགས་སྣོན་དགོས་པར་མ་ཟད། རང་བཀུར་རང་རྟོན་དང་རང་གཅུན་ཞི་དུལ། ཧུར་ཐག་མདུན་སྐྱོད་བཅས་ཀྱི་སྤྱི་ཚོགས་སྣང་ཚུལ་གསོ་སྐྱོང་བྱེད་དགོས།
བསམ་འཆར་ལས་བསྟན་དོན། མགོ་ཁྲིད་སྒྲིག་སྲོལ་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཏང་ཨུ་ཡིས་གཅིག་གྱུར་མགོ་ཁྲིད་བྱེད་པ་དང་ཏང་སྲིད་ཀྱིས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པ། དྲིལ་སྒྲོག་ལས་ཁུངས་ཀྱིས་རྩ་འཛུགས་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་ལས་ཁུངས་དང་མི་དམངས་ཚོགས་པས་ལས་བགོས་འགན་འཁུར་བྱེད་པ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་མཉམ་དུ་བསམ་བློ་ཆབ་སྲིད་བྱ་བའི་ཆགས་སྟངས་ཆེན་པོའི་ཁྲོད་དུ་ཞུགས་དགོས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་བའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།