ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2021ལོའི་སྐྱེ་ཁམས་དཔལ་ཡོན་ཀོས་དབྱང་རྒྱལ་སྤྱིའི་གླེང་སྟེགས་ཟླ7པའི་ཚེས12ཉིན་ནས་ཚེས13ཉིན་པར་ཀོས་ཀྲོའུ་ཞིང་ཆེན་ཀོས་དབྱང་གྲོང་ཁྱེར་དུ་དྲ་སྟེང་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་ནས་སྤེལ་བ་དང་། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“ཐཱན་ཉུང་གཞན་བསྒྱུར་དང་ལྗང་མདོག་འཕེལ་རྒྱས——མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་མཉམ་གནས་ཀྱི་གཅིག་མཐུན་འདུས་གྲུབ་འཛུགས་པ”ཞེས་པ་དེ་རེད། ཕྱི་འབྲེལ་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཀོས་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྣེ་ཁྲིད་བྱས་པ་རེད། ཐེངས་འདིའི་གླེང་སྟེགས་སྟེང་རྒྱལ་ཁབ་ཕྱི་ནང་གི་མགོ་ཁྲིད་དང་ཆེད་མཁས་པ། རྒྱལ་སྤྱིའི་རྩ་འཛུགས་དང་ཁེ་ལས་མིང་གྲགས་ཅན་གྱི་འགན་འཁུར་བ། སྐུ་མགྲོན་བཅས་མི500ལྷག་གླེང་སྟེགས་ཞུགས། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
སྐྱེ་ཁམས་དཔལ་ཡོན་ཀོས་དབྱང་རྒྱལ་སྤྱིའི་གླེང་སྟེགས་འཚོགས་མགོ་འཚུགས་པ།