ཀྲུང་གོ་བོད་ཀྱི་དྲ་བ།

ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་དཔེ་སྐྲུན་དངོས་པོ་རབ་དང་རིམ་པ་རྒྱལ་ཁབ་ཕྱི་ནང་ལ་འགྲེམས་སྤེལ་བྱས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་དཔེ་སྐྲུན་དངོས་པོ་རབ་དང་རིམ་པ་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱེད་པའི་མཛད་སྒོ་པེ་ཅིང་དུ་འཚོགས། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་ཐའེ་ཀྲང་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཧྲིན་ཧའེ་ཞུང་ཚོགས་འདུར་ཞུགས། 

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་འདིར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་རྟེན་འབྲེལ་ཚོགས་ཆེན་དང“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་ཐད་གཏོང་བྱས་པ་དང་། རིག་རྩལ་འཁྲབ་སྟོན《རླབས་ཆེའི་འཐབ་ལམ》བརྒྱུད་རིམ་ཧྲིལ་པོ་ཕབ་སྐྲུན་བྱས། ཚད་ལྡན་ཡིག་ཚགས་ཆེད་དོན་བརྙན་ཟློས་ཆེ་གྲས《འཇིག་རྟེན་གསར་བ་བཏོད་པ》དང《རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་སྡུར་ཚོགས་ཆེན》སོགས་ལེ་ཚན་ཁག་གཅིག་བཏོན་ཡོད། རྒྱ་ཆེའི་མང་ཚོགས་ཀྱི་རེ་བ་ལྟར། ལེ་ཚན་སྤུས་དག་དེ་དག་གི་སྒྲ་བརྙན་ཐོན་རྫས་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་ཀྲུང་གོའི་རྒྱལ་སྤྱིའི་བརྙན་འཕྲིན་སྤྱི་ཁྱབ་ཀུང་སིས་རྒྱལ་ཁབ་ཕྱི་ནང་དུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད། 

ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་དཔེ་སྐྲུན་བྱས་པའི་སྒྲ་བརྙན་ཐོན་རྫས་རབ་དང་རིམ་པ་དེ་སྤྱི་ཁྱབ་ཁང་གི་རྩེར་སོན་ལེ་ཚན10ལ་འབྲེལ་ཅིང་། དེ་དག་རྒྱ་ཡིག་དང་དབྱིན་ཇི། ཧྥ་རན་སེ། སི་ཕེན་སོགས་སྐད་ཡིག་མང་པོར་བསྒྱུར་ཡོད། རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཚོང་ཁང་དང་སྒྲ་བརྙན་ཚོང་ཁང་། དྲ་རྒྱའི་གློག་རྡུལ་ཚོང་ཁང་བཅས་སུ་དུས་གཅིག་ཏུ་དྲ་ཐོག་ནས་ཕྱིར་ཚོང་བྱ་རྒྱུ་རེད། 《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་དཔེ་སྐྲུན་དངོས་རྫས་ཕྱོགས་བསྡུས་དཔེ་སྒྲིག》ཀྱང་དམིགས་བཀར་གྱི་ཐབས་ལམ་བརྒྱུད་ནས་འདོན་རྒྱུ་རེད། དེ་དང་ཆབས་ཅིག ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་སྤྱི་ཁྱབ་ཀུང་སིས་ད་དུང་མུ་འབྲེལ་དཔེ་སྐྲུན་དངོས་པོ་ཕྱི་རྒྱལ་དུ་འོས་སྦྱོར་དང་འགྲེམས་སྤེལ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། ཕྱི་རྒྱལ་གྱི་གཙོ་རྒྱུན་སྨྱན་སྦྱོར་མང་པོ་ཞིག་གིས《འཇིག་གསར་བ་བཏོད་པ》ཅེས་པའི་སྐད་རིགས་མང་བོའི་པར་གཞི་སྟོན་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།