ཀྲའོ་ལེ་ཅི་ཡིས་ནམ་ཡང་ལམ་དུ་སྐྱོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་སྒྲིག་ཁྲིམས་ནན་བཤེར། རུལ་སུངས་ལ་ངོ་རྒོལ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲའོ་ལེ་ཅི་ཡིས་ཅི་ལིན་དུ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས་ནམ་ཡང་ལམ་དུ་སྐྱོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཀྱིས་སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ཁྲིམས་ནན་བཤེེར། རུལ་སུངས་ལ་ངོ་རྒོལ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས9ནས་ཚེས11ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ཀྲའོ་ལེ་ཅི་ཅི་ལིན་དུ་བརྟག་ཞིབ་གནང་བར་ཕེབས། ཁོང་གིས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས།  སྔར་ལས་ལྷག་པར“འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་དང་། སྔར་བས་བློ་བརྟན་འགྱུར་མེད་དང་སྔར་བས་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཏེ། བྱ་སྤྱོད་དངོས་ཀྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་རླབས་ཆེན་དང་ལེན་བྱེད་པ་དང་། ནམ་ཡང་ལམ་དུ་སྐྱོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཀྱིས་སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ཁྲིམས་ནན་བཤེེར། རུལ་སུངས་ལ་ངོ་རྒོལ་བཅས་བྱས་ཏེ“ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་ལེགས་པོར་རྩོམ་པ་དང་གོམ་པ་ལེགས་པོར་སྤོ་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས། 

  པར་འདི་ནི་ཟླ7པའི་ཚེས9ཉིན། ཀྲའོ་ལེ་ཅི་ཡིས་ཡན་པེན་ཁུལ་ཡན་ཅི་གྲོང་ཁྱེར་ཐའེ་ཞིང་གྲོང་ཚོར་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བ་དང་ཁྱིམ་ཚང་གི་ཡོང་འབབ། ནད་བཅོས་རྒན་གསོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ་རེད། 

ཀྲའོ་ལེ་ཅི་ཡན་པེན་ཁུལ་ཡན་ཅི་གྲོང་ཁྱེར་ཐའེ་ཞིང་གྲོང་ཚོ་དང་ཁྲང་ཁྲུན་གྲོང་ཁྱེར་ཁྲའོ་དབྱང་ཆུས་གཉིས་གཉིས་བརྒྱད་སྡེ་ཁུལ་དུ་ཕེབས་ནས། སྡོད་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ། ཁྱིམ་ཚང་གི་ཡོང་འབབ། ནད་བཅོས་དང་རྒན་གསོ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་། གཞི་རིམ་མང་ཚོགས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞིར་གསན་པ་རེད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་སྲིད་འཛིན་པ་དང་རྒྱལ་སྲིད་སྐྱོང་བ་ནི་མི་སེམས་སྐྱོང་བ་དེ་རེད”ཅེས་པའི་ཆོད་གཏམ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས། མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་ཐག་གཅོད་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། གཞི་རིམ་གྱི་ལྟ་སྐུལ་དང་ཆེད་དོན་བཅོས་སྒྲིག གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་བཅས་ལ་སྔར་བས་དམ་འཛིན་བྱས་ནས་དམིགས་སའི་རང་བཞིན་གྱི་སྒོ་ནས་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། གཞི་རིམ་དུ་ཟབ་ཞུགས་བྱས་ནས་མང་ཚོགས་ཀྱི་འབོད་སྒྲར་ཉན་ཞིང་། མང་ཚོགས་ཀྱི་བསམ་འཆར་ཆེ་བའི་གནད་དོན་ཡིན་ཕྱིན་ཚང་མ་གཟབ་ནན་གྱིས་ཐག་གཅོད་བྱེད་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡིན་ཕྱིན་ཚང་མ་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས། སྙིང་རུས་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས“སྤྱོད་ཚུལ་བཞིའི”གནད་དོན་རྒྱུན་མཐུད་ཡོ་བསྲང་དང་བཅོས་སྐྱོང་བྱེད་པ་དང་། མཐའ་གཅིག་ཏུ་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་བྱས་ཏེ། སྲོལ་གསར་སྤྱོད་བཟང་དར་སྤེལ་ཤུགས་ཆེན་གཏོང་བ་དང་སྤྱོད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཧུར་ཐག་གིས་ཆབ་སྲིད་ཀྱི་སྣོད་བཅུད་དང་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་དགོས།  ཀྲུང་གོའི་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་པོ་དང་ཅི་ལིན་ཨའོ་ཏུང་སྨན་རྫས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས་ཀྲའོ་ལེ་ཅི་ཡིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ནི་ཁེ་ལས་འཕེལ་རྒྱས་ཀྱི་མཉེན་པའི་སྟོབས་ཤུགས་ཡིན་པས། ལྟ་སྐུལ་ཏན་ཏིག་དང་དར་སྲོལ་ཡག་པོ་བསྒྲུབས་ནས་ལས་བྱེད་ལས་བཟོ་བའི་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། རང་རྟོགས་སྒོས་ཚུལ་མིན་སྤྱོད་ཚུལ་བཀག་འགོག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་ལས་སྒྲུབ་ལས་གཏོད་དང་རྩེ་གྲ་གཏོད་དགོས་ཞེས་ནན་གྱིས་བསྟན།

པར་འདི་ནི་ཟླ7པའི་ཚེས11ཉིན། ཀྲའོ་ལེ་ཅི་ཡིས་ཁྲང་ཁྲོན་གྲོང་ཁྱེར་དུ་ཞིང་ཆེན་སྒྲིག་ཨིའི་ཧྲུའུ་ཅི་ཁག་ཅིག་གི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བཞིན་པའི་ཚུལ་རེད། 

ཅི་ལིན་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་དུ། ཀྲའོ་ལེ་ཅི་ཡིས་ལས་ཁུངས་ཀྱི་ལས་བྱེད་པར་བྱམས་བརྩེའི་ངང་གཟིགས་ཞིབ་གནང་བ་དང་། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཁག་གཅིག་གི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་། ཁོང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱས་ནས་མ་ཡིག་ཀློག་རྒྱུ་མཐའ་འཁྱོངས་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ། དོན་སྙིང་གཙོ་བོ་ཁོང་དུ་ཆུད་པ། འགན་འཁྲི་དང་དོན་དངོས་ཟུང་འབྲེལ་བཅས་བྱས་ནས་དོན་འཁྱོལ་ནན་འཛིན་ཡག་པོ་བྱེད་དགོས། ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་རྒྱུགས་སྤྲོད་པའི་ལམ་བུ་གསར་པས་ཁྱོན་ཡོངས་ནས་ཏང་ནན་ཀྱིས་སྐྱོང་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་བཏོན་པའི་བླང་བྱ་གསར་པར་དམ་འཛིན་གང་ལེགས་བྱས་ཏེ། “རྒྱལ་ཁབ་ཀྱི་དོན་ཆེན་བསྒྲུབ་མཁན”ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གསར་གཏོད་བྱེད་པའི་རྩ་བའི་བླང་བྱར་གོ་བ་གཏིང་ཟབ་བླངས་ནས། རང་རེའི་ཏང་གི་ལོ་བརྒྱའི་རིང་གི་རང་ཉིད་གསར་བརྗེ་ལས་བྱུང་བའི་ཉམས་མྱོང་རྩ་ཆེན་བསྡུ་ལེན་གང་ལེགས་བྱས་ཏེ། དུས་བསྟུན་འཕེལ་རྒྱས་དང་གཞུང་དྲང་གསར་གཏོད་ཀྱིས་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་བྱེད་དགོས། “མི་བྱེད་པ་གསུམ”ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞིར་སྒྱུར་བཅོས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ལྟ་སྐུལ་འགན་ལེན་ལག་བསྟར་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ནུས་པ་སྔར་བས་ནུས་ལྡན་ངང་འདོན་སྤེལ་བྱེད་དགོས། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་རང་རྟོགས་ངང་ལག་བསྟར་བྱས་ནས་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་དང་། ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་ནས་སྙིང་ཉེ་ཞིང་བློས་འགེལ་ཆོག་ལ་གུས་པར་འོས་པའི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། 

ཀྲའོ་ལེ་ཅི་ཡིས་ད་དུང་ཀྲུང་གུང་ཁྲང་ཁྲུན་ཀྲི་པུའུ་དྲན་གསོ་ཁང་ལ་ལྟ་སྐོར་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་བཏང་སྟེ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། བློ་དཀར་སེམས་དཀར་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྒོ་ནས་རང་འཁྲིའི་ལས་དོན་ཡག་པོར་སྒྲུབ་དགོས་པ་ནན་གྱིས་བསྟན། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།