ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྐོར་དང་པོའི་ལུས་རྩལ་པ་ཏུང་ཅིང་དུ་འབྱོར་ནས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་གཡོར་གྲུ་རུ་ཁག་ཚེས10ཉིན་གནམ་གྲུར་བསྡད་དེ་པེ་ཅིང་ནས་ཆས་ཏེ་ཏུང་ཅིང་ཁྲིན་ཐེན་གནམ་གྲུ་འབབ་ཚིགས་སུ་འབྱོར་བ་དང་། དེ་ནི་ཏུང་ཅིང་དུ་འབྱོར་བའི་ཀྲུང་གོའི་སྐོར་དང་པོའི་ལུས་རྩལ་རུ་ཁག་ཡིན།

ཀྲུང་གོའི་རུ་ཁག་གི་རུ་མིས་ལུས་ལ་རྒྱལ་ཁབ་རུ་ཁག་གི་ལུས་རྩལ་གྱོན་ཆས་གྱོན་ཞིང་ཁ་ཐུམ་དང་ངོ་ཐུམ་བརྒྱབ་ཡོད་པ་དང་། འགྲུལ་ཆས་འཁྱེར་བཞིན་གནམ་གྲུ་འབབ་ཚིགས་ནས་བུད་དེ་རྩ་འཛུགས་ལྷན་ཚོགས་ཀྱི་བཀོད་སྒྲིག་བྱས་པའི་མགྲོན་ཁང་དུ་ཕེབས།

ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་གཡོས་གྲུ་འགྲན་བསྡུར་ནི་ཧྲིན་ནའེ་ཁྲོན་རྫོང་ཐུན་ཙིའུ་གྲོང་ཁྱེར་དུ་བཙུགས་ཡོད།ཨོ་རྩལ་འགྲན་ཚོགས་ཀྱི་གཡོར་གྲུ་འགྲན་བསྡུར་ནི་ཟླ7པའི་ཚེས25ཉིན་ནས་ཟླ8པའི་ཚེས4ཉིན་བར་ཡིན།

ཏུང་ཅིང་དུ་འབྱོར་བའི་ཀྲུང་གོའི་གཡོར་གྲུ་རུ་ཁག་ལ་བསྡོམས་པས་མི18ཡོད་པ་དང་། དེའི་ནང་ལུས་རྩལ་པ་མི12ཡོད། ཁོ་ཚོ་འགྲན་བསྡུར་རྣམ་གྲངས8ལ་ཞུགས་རྒྱུ་རེད། ཏུང་ཅིང་དུ་འབྱོར་རྗེས། ཀྲུང་གོའི་གཡོར་གྲུ་རུ་ཁག་གིས་ཚེས11ཉིན་ནས་བཟུང་འགྲན་བསྡུར་སྔོན་གྱི་སྦྱོང་བརྡར་ལ་ཞུགས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།