《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླུ་གཞས་སྟེ། གླུ་སྐད་ཁྲོད་ཀྱི་ལོ་བརྒྱའི་མཚར་ཉམས》ཞེས་པ་པར་སྐྲུན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རོལ་མོའི་བའི་མཐུན་ཚོགས་དང་མི་དམངས་རོལ་དབྱངས་པར་སྐྲུན་ཁང་། ཀྲུང་གུང་ཏང་གི་ལོ་རྒྱུས་པར་སྐྲུན་ཁང་བཅས་ཀྱིས་མཉམ་དུ་སྒྲིག་རྩོམ་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླུ་གཞས་སྟེ། གླུ་སྐད་ཁྲོད་ཀྱི་ལོ་བརྒྱའི་མཚར་ཉམས》ཞེས་པ་ཉེ་ཆར་པར་སྐྲུན་བྱས་ཤིང་། རོལ་མོའི་སྒྱུ་རྩལ་གྱི་རྣམ་པས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དཀའ་སྡུག་གི་གོ་རིམ་ལ་ཕྱིར་དྲན་བྱས། 

དཔེ་དེབ་དེར“གནམ་ས་གོ་འབྱེད”དང“མེ་སྟག་གིས་སྤང་ཐང་བསྲེགས་པ”སོགས་ཀྱི་ལེའུ10རུ་བགོས་ཡོད་ཅིང་། ཏང་གི་ལོ་རྒྱུས་གནད་ཚིག135དང་འབྲེལ་ནས། ལོ་བརྒྱའི་གོ་རིམ་ཁྲོད་ཀྱི་ལོ་རྒྱུས་དུས་སྐབས་མངོན་པ་དང་། ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་གྱི་གླུ་གཞས་གྲགས་ཅན166དང་དེ་མིན་ལོ་རྒྱུས་པར་རིས་རྩ་ཆེན142དང་རོལ་མོའི་དབྱངས་རྟགས97གསེད་འདེམས་བྱས་ཏེ། གླུ་གཞས་མྱོང་རོལ་དང་ཏང་གི་ལོ་རྒྱུས་ཀློག་འགྲེལ། རོལ་དབྱངས་ལ་ཉན་རོལ་བཅས་བྱེད་པ་བརྒྱུད་དེ། ཏང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།