ཁོ་ལོམ་པི་ཡའི་ཙུང་ཐུང་གིས་བརྙན་ལམ་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁི་ཡིས་ཉེ་ལམ་བརྙན་ལམ་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འཚམས་འདྲི་བྱས།

ཏུའུ་ཁི་ཡིས་བཤད་རྒྱུར། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཚུན་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བླ་མེད་དང་རོགས་རམ་ཆེན་པོ་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། ཁྱད་པར་དུ་ཀྲུང་གོས་ཉེ་ལམ་ཁོ་ལོམ་པི་ཡའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པའི་ལས་རིམ་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་བཏང་བ་དང་རྒྱལ་ཁབ་གཉིས་བར་གྱི་མཛའ་འབྲེལ་སྔར་ལས་ཇེ་བརྟན་དུ་བཏང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་བསྐྲུན།

ཏུའུ་ཁི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་གསུམ་པའི་ནང་ཁོ་ལོམ་པི་ཡའི་མི་དམངས་ལ་ལྷག་བསམ་རྣམ་དག་གི་གསུང་བཤད་གནང་བ་དེ་ནི་ཁོ་ལོམ་པི་ཡའི་མི་དམངས་ཀྱིས་དུས་རྟག་པར་སྙིང་ཁོང་དུ་ཉར་ཡོད། ཀྲུང་གོ་དང་ཁོ་ལོམ་པི་ཡའི་འབྲེལ་བར་པྲོག་གསར་གློག་ཚད་ཀྱི་རྗེས་ནས་རྣམ་པ་གསར་པ་མངོན། ལྷག་བསམ་རྣམ་དག་གི་སྒོ་ནས་ཀྲུང་གོ་དར་རྒྱས་གོང་འཕེལ་ཡོང་བ་དང་མི་དམངས་བདེ་སྐྱིད་ལྡན་པ། སྤྱི་ཚོགས་འཆམ་མཐུན་ཡོང་བའི་སྨོན་འདུན་ཞུས་པ་ཡིན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།