ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་སུ་སོང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་བྱ་བར་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མུར་ཉིན་འགའི་རིང་ལ། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཉེར་ལྔ་དང་ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་དངུལ་རྩའི་ཁེ་ལས་དང་ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས། ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་གྲྭ་བཅས་ཀྱི་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་སྔ་ཕྱིར་རང་སོ་སོའི་མཛུབ་སྟོན་བྱེད་གནས་དང་སྡེ་ཁག ལས་ཁུངས་བཅས་སུ་བསྡད་དེ་སྐོར་ཐེངས་དང་པོའི་མཛུབ་སྟོན་ལས་སྒོ་སྤེལ། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཏང་ཀྲུང་དབྱང་གི་དགོངས་དོན་བརྒྱུད་སྒྲོག་མཐར་ཕྱིན་བྱེད་རྒྱུ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། འོས་འགན་གཙོ་བོ་དངོས་འབེབས་ཡོང་བར་སྐུལ་འདེད་གཏོང་བ། གནད་དོན་འབུར་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་འོས་འགན་ལྕི་མོ་ཕྲག་སྟེང་དུ་བླངས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྨང་རྐང་བརྟན་པོའི་ངང་སྤེལ་ཏེ་ཕན་འབྲས་དོན་ལྡན་ལོན་པར་འགན་ལེན་བྱས།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱས་པ་དང་། ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པར་བྱེད་པ་དང་ལོ་རྒྱུས་བསླབས་ནས་དད་སེམས་འཕེལ་བར་བྱེད་པ། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ། ལོ་རྒྱུས་བསླབས་ནས་ལག་ལེན་དུ་བསྟར་བ་བཅས་ཀྱི་བླང་བྱ་དངོས་འབེབས་ནན་མོ་བྱས། དེ་མིན་ད་དུང་ཏང་གི་ལོ་རྒྱུས་སློབ་པ་དང་བསམ་བློ་སད་རྟོགས་ཡོང་བར་བྱེད་པ། དོན་དངོས་སྒྲུབ་པ། མགོ་ཡག་པོ་རྩོམ་པ་བཅས་མཛུབ་སྟོན་བྱ་བའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་ནས། མཛུབ་སྟོན་ལས་དོན་སྤེལ་བའི་བཀོད་སྒྲིག་ཞིབ་ཕྲ་དང་བྱེད་ཕྱོགས་སུ་འགྱུར་བར་བྱས་ཏེ། ཏང་གི་རྩ་འཛུགས་རེ་རེ་ལག་ལེན་དངོས་ཀྱི་སྟེང་ཞུགས་པར་བྱས་པ་དང་ཏང་གི་ཕྲ་ཕུང་རེ་རེར་གསོན་ཤུགས་འཕེལ་བར་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།