ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སུའུ་ཏན་ལྷོ་མའི་ཙུང་ཐུང་ལ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའུ་ཏན་ལྷོ་མའི་ཙུང་ཐུང་ཅིས་ཨར་ལ་ཁ་པར་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཁ་པར་ལས་བསྟན་དོན། ཀྲུང་གོ་དང་སུའུ་ཏན་ལྷོ་མའི་བར་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རྣམ་ཀུན་ཏུ་བདེ་ཐང་དང་བརྟན་འཇགས་ཀྱི་ཕྱོགས་སུ་འཕེལ་རྒྱས་བྱུང་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོབ་པར་མ་ཟད། ཕྱོགས་གཉིས་ཀས་སོ་སོའི་ཁེ་ཕན་གཙོ་བོ་དང་དོ་ཁུར་ཆེན་པོ་བྱེད་ཡུལ་གྱི་གནད་དོན་སྟེང་ཕན་ཚུན་རྒྱབ་སྐྱོར་ཆེན་པོ་བྱས། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་རིམས་འགོག་བྱས་པར་བརྟེན། ཕུ་ནུ་ལྟ་བུའི་བརྩེ་བ་ཟབ་མོ་མངོན་པར་བསྟན། ངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཙུང་ཐུང་ཅིས་ཨར་དང་ལྷན་དུ་འབད་འབུངས་བྱས་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བ་གོ་སྐབས་སུ་བརྩིས་ཏེ། ཕྱོགས་གཉིས་ཀའི་ཆབ་སྲིད་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞི་མཉམ་སྐྲུན་བྱས་པའི་རྨང་གཞིའི་འོག་ཏུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདང་ཡོད།

ཅུའུ་ཨར་གྱིས་ཁ་པར་ལས་བསྟན་དོན། ཀྲུང་གོ་ནི་སུའུ་ཏན་ལྷོ་མའི་བློས་ཐུབ་ཀྱི་གྲོགས་པོ་ཡིན། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་ནས་ལོ་བཅུ་འཁོར་བའི་སུའུ་ཏན་ལྷོ་མར་མཚོན་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རྒྱལ་ནང་གི་ཞི་བདེ་འཕེལ་རིམ། པྲོག་གསར་གློ་ཚད་རིམས་ནད་ལ་འགོག་སྡོམ་བྱེད་པ་སོགས་ཀྱི་ཐད་ཀྲུང་གོས་མིག་མཐོང་ལག་ཟིན་གྱི་རོགས་རམ་ཆེན་པོ་བྱས་ཡོད་ཅིང་། དེའི་ཐད་སུའུ་ཏན་ལྷོ་མས་ཀྲུང་གོ་ལ་བཀའ་དྲིན་ཆེ་ཞུ་བཞིན་ཡོད་པར་མ་ཟད། བསྟོད་བསྔགས་ཅི་རིགས་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།