ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གོ་བདུན་པ་ཚེས་དགུ་ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་ཏེ། འབྲེལ་ཡོད་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་འགོ་འཛིན་བྱས།
ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་དང་ལྟ་ཞིབ་དཔོན་གྱི་བཅའ་ཁྲིམས་འཆར་ཟིན། བཅའ་ཁྲིམས་རོགས་སྐྱོར་ཁྲིམས་ཀྱི་འཆར་ཟིན། སྨན་པ་དཀའ་བཅུ་པའི་ཁྲིམས་ཀྱི་འཆར་ཟིན། དམག་ཞབས་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་བཅས་ཀྱི་གནད་དོན་གཙོ་བོའི་གནས་ཚུལ་སྙན་ཞུར་ཉན།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་ཚན་ཁག་ཁོངས་མིས་གོང་གསལ་བཅའ་ཁྲིམས་འཆར་ཟིན་སྐོར་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་ཕྱོགས་སོ་སོས་གོང་གསལ་བཅའ་ཁྲིམས་འཆར་ཟིན་ལ་བཏོན་པའི་བསམ་འཆར་ཅི་ཡོད་བསྡུ་ལེན་བྱས་ཏེ་བསྐྱར་བཅོས་ནན་མོ་བྱས་ནས་སྔར་ལས་འཐུས་ཚང་དུ་གཏོང་དགོས་པར་བླང་བྱ་བཏོན། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གོ་བདུན་པ་བསྡུས།