ཀྲུང་གོ་བོད་ཀྱི་དྲ་བ།

དད་མོས་དང་ཡིད་ཆེས་བརྟན་པར་བྱས་ནས། ནམ་ཡང་ཏང་ལ་ཡིད་རྟོན་དང་ཏང་ལ་དགའ་བ་ཏང་གི་དོན་དུ་འབད་པ་བཅས་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་ལྕག་ཐེབས།

བསྟུད་མར་ཉིན་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པར་འགན་འཁུར་ཐེག་པ་དང་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར་ངར་ཤུགས་དང་སྐུལ་ལྕག་ཐེབས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཤུགས་དྲག་ཆེན་པོ་ལྡན་ཞིང་དགོངས་པ་གཏིང་ཟབ་པ་དང་། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་གཟི་འོད་འཚེར་བཞིན་ཡོད་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་བརྩོན་བྱེད་པའི་ཐུན་མོང་གི་བསམ་པའི་རྨང་གཞི་བསྐྲུན་ནས། ང་ཚོའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ལྟ་བུ་རེད་ཅེས་བརྗོད། ང་ཚོས་མར་ཁེ་སི་རིང་ལུགས་ལ་བཟུང་བའི་དད་མོས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བཟུང་བའི་ཡིད་ཆེས་དེ་ཚེ་གང་གི་དམིགས་པ་རུ་བརྩིས་ནས། ནམ་ཡང་ཏང་ལ་ཡིད་རྟོན་དང་ཏང་ལ་དགའ་བ། ཏང་གི་དོན་དུ་འབད་པ་བཅས་བྱས་ནས། ལས་རྐང་དུ་རྐང་བཙུགས་ནས་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པ་དང་སྟོབས་ཤུགས་གང་ཡོད་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས།

“མར་ཁེ་སི་རིང་ལུགས་ནི་ང་ཚོའི་ཏང་འཛུགས་པ་དང་རྒྱལ་ཁབ་འཛུགས་པའི་གཞི་རྩའི་མཛུབ་སྟོན་དགོངས་པ་ཡིན་ལ། ང་ཚོའི་ཏང་གི་བླ་སྲོག་དང་དར་ཆ་ཡིན།” ལོ་བརྒྱའི་འོད་སྟོང་འབར་བའི་ཏང་གི་ལོ་རྒྱུས་ལ་ཕྱིར་མིག་ལྟ་བའམ། ལོ་རྒྱུས་ཀྱི་ཆོས་ཉིད་དང་འཕེལ་རྒྱས་ཀྱི་གཏན་ཚིགས་ལ་སློབ་སྦྱོང་དང་ངོས་ཟིན་བྱས་ཚེ། ང་ཚོས་སྔར་ལས་གཏིང་ཟབ་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར“ནུས་པ”དང་། མར་ཁེ་སི་རིང་ལུགས་ཅིའི་ཕྱིར“ཆོག་པ།”ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར“བཟང་བ”བཅས་རྟོགས་ཐུབ།

གུང་ཁྲན་ཏང་ཡོན་རྒན་པ་དང“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན། ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ཆེད་ལས་སྨན་ཁང་གི་ཞིབ་འཇུག་པ་ཟུར་པའམ་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་ཟི་ལིང་དུ་བཅར་འདྲི་དང་ལེན་བྱེད་སྐབས། “མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་ནི་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་ཀྱི་ངོ་མཚར་བའི་ལེའུ་སྟེ། ཏང་གིས་ཡང་ནས་ཡང་དུ་རྒྱལ་ཁ་བླངས་པ་དང་། ཡང་ནས་ཡང་དུ་བྱས་རྗེས་ངོ་མཚར་བསྐྲུན་པའི་གནད་འགག་གཙོ་བོ་རེད། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ང་རང་མར་ཁེ་སི་རིང་ལུགས་ལ་ཡིད་ཆེས་ཟབ་མོ་ཡོད་ཅིང་དོགས་པ་སྤུ་ཙམ་ཡང་མེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་བརྟན་འགྱུར་མེད་ཡིན། འདི་ནི་གུང་ཁྲན་ཏང་ཡོན་ཞིག་གི་ཆེས་མཐོ་བའི་ཕུགས་འདུན་དང་ཡིད་ཆེས་ཡིན། ཕྱིན་ཆད། ངས་ཏང་གི་མཛུབ་སྟོན་ལ་ཉན་པ་དང་། ཞུམ་པ་མེད་པར་མདུན་དུ་བསྐྱོད་ནས། རླབས་ཆེ་བའི་གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་གི་ཆེད་དུ་ཚེ་གང་ལ་འབད་བརྩོན་བྱེད་རྒྱུ་ཡིན”ཞེས་བརྗོད།

“མར་ཁེ་སི་རིང་ལུགས་ཀྱིས་ང་ཚོར་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཡོད་པར་བྱས་ལ། འཇིག་རྟེན་ངོ་ཤེས་པ་དང་འཇིག་རྟེན་བསྒྱུར་བཅོས་བྱེད་པའི་དགོངས་དོན་གྱི་དྲག་ཆས་ཆེན་པོ་ཡོད་པར་བྱས།”ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་སྲིད་ཇུས་ཁྲིམས་སྲོལ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལིའུ་ཧྲེང་ཞན་གྱིས་བཤད་རྒྱུར། དྲིལ་སྒྲོག་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་དོན་འཁྱོལ་བཅས་སྔོན་ལ་བྱེད་པ་དང་མིག་དཔེ་བྱས་ནས། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་སྐུལ་སྤེལ་བྱེད་པའི་འཕེལ་རིམ་རླབས་ཆེན་ཁྲོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་གཏན་ཚིགས་དང་གཞུང་ལུགས་གཏན་ཚིགས། ལག་ལེན་གཏན་ཚིགས་བཅས་གཏིང་ཟབ་ཀྱིས་ཁོང་དུ་ཆུད་པར་བྱས་ཏེ། དད་མོས་ཀྱི་རྩ་བ་ཚུགས་པར་བྱེད་པ་དང་། དགོངས་དོན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས། དྲིལ་སྒྲོག་དང་བསམ་བློའི་འགན་འཁྲིའི་ལས་འགན་རང་རྟོགས་ཀྱིས་ཐེག་དགོས།

ལོ་རྒྱུས་མེ་ལོང་དུ་བཟུང་ནས། འབྱུང་འགྱུར་གསར་གཏོད་བྱེད་དགོས་ན། ངེས་པར་དུ་མུ་མཐུད་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་སྤེལ་བྱེད་དགོས། “ང་ཚོའི་ཏང་གི་ལོ་རྒྱུས་ནི་རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་སྤེལ་བྱེད་པའི་ལོ་རྒྱུས་ཤིག་ཡིན་ལ། རྒྱུན་ཆད་མེད་པར་གཞུང་ལུགས་གསར་སྐྲུན་བྱེད་པར་སྐུལ་སྤེལ་དང་གཞུང་ལུགས་གསར་སྐྲུན་བྱེད་པའི་ལོ་རྒྱུས་ཤིག་ཡིན།”ཞིང་ཆེན་ཁྲིམས་འཛིན་ཐིང་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་མ་ཁྲང་ཅུན་གྱིས་བཤད་རྒྱུར། ང་ཚོས་ནན་ཏན་གྱིས་མར་ཁེ་སི་རིང་ལུགས་ལ་སློབ་སྦྱོང་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་ཆེས་གསར་པ་ལ་ངོས་འཛིན་བྱས་ནས། ཚན་རིག་དང་མཐུན་པའི་གཞུང་ལུགས་ཀྱིས་ཀླད་པར་དྲག་ཆས་སྤྲ་བ་དང་། ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་བཅས་བྱས་ཏེ། དངོས་ཡོད་བྱ་བར་རྐང་བཙུགས་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་གསར་པ་ལྟར། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲོད་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་མཐོ་བའི་བླང་བྱ་ལ་བརྟེན་ནས། རང་ཞིང་གི“བརྒྱད་ལྔ”ཁྲིམས་ཁྱབ་བྱ་བ་དེ་ཡང་བསྐྱར་ཐེམ་སྐས་གསར་པ་ཞིག་ཏུ་བསླེབ་པར་སྐུལ་སྤེལ་བྱེད་དགོས།

“ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་རང་ཉིད་ཀྱི་གཞུང་ལུགས་མཛུབ་སྟོན་དུ་བདམས་པ་ནི། དེས་བྱ་བར་མཛུབ་སྟོན་དང་འཇིག་རྟེན་བསྒྱུར་བཅོས་བྱེད་ཆེད་ཡིན།”ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཚགས་དེབ་རྩོམ་སྒྲིག་པུའུ་ཡི་གསར་འགོད་པ་ཁྲེན་སི་ཡན་གྱིས་བཤད་རྒྱུར། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཕུགས་འདུན་དང་ཡིད་ཆེས་བརྟན་པར་བྱས་ནས། མི་དམངས་ཀྱི་བརྩེ་བ་སྲུང་འཛིན་དང་རླབས་ཆེའི་དུས་རབས་ཐོ་འགོད། དམར་པོའི་གཞི་རྒྱུ་རྒྱུན་འཛིན་བཅས་བྱས་ནས། ལང་ཚོའི་འབད་བརྩོན་ཏང་གི་གསར་འགྱུར་ལས་དོན་ཁྲོད་བསྟིམས་པ་དང་། ང་ཚོའི་སྨྱུག་རྩེ་དང་ང་ཚོའི་བརྙན་མིག་ལེགས་པོར་སྤྱད་དེ། མང་ཚོགས་ཀྱིས་གོ་སླ་བའི་སྐད་བརྡས་གསོན་ཉམས་ལྡན་པའི་སྒོ་ནས་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་མཐུན་སྒྲིལ་འབད་བརྩོན་གྱི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་རྩོམ་ཁྲོད་འགོད་དགོས།

“ལོ་བརྒྱ་ཕྲག་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འདྲེས་མཚམས་སུ་འགྲེངས་ཏེ། ང་ཚོས་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་བདེན་དོན་གྱི་སྟོབས་ཤུགས་ཤེས་དགོས་ལ། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱིས་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུར་འོད་སྟོང་འཕྲོ་རུ་འཇུག་དགོས།

མཚོ་སྔོན་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་གླིང་གཙོ་ཧྥང་ལི་ཅང་གིས་བཤད་རྒྱུར། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་དུ། མུ་མཐུད་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་སྤེལ་བྱེད་དགོས་ན། དེང་རབས་ཅན་ལ་གདོང་གཏོད་པ་དང་། འཛམ་གླིང་ཅན་ལ་གདོང་གཏོད་པ། མ་འོངས་པར་གདོང་གཏོད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་འཕོ་འགྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་ནུས་ཤུགས་ཆེན་པོས་སྐུལ་སྤེལ་བྱས་ནས། སྔར་ལས་ལེགས་པའི་སྒོ་ནས་ཀྲུང་གོའི་ལོ་རྒྱུས་ཉམས་མྱོང་དང་། མི་རིགས་ཀྱི་བློ་གྲོས་དང་མི་རིགས་ཀྱི་སྙིང་སྟོབས་མར་ཁེ་སི་རིང་ལུགས་སུ་སིམ་པར་བྱས་ཏེ། ཏང་གི་གསར་སྐྲུན་གཞུང་ལུགས་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཤིན་སའི་ཁྲོད་གཏིང་ཟབ་ཏུ་ཚུགས་པར་བྱེད་དགོས་པ་དང་། ཀྲུང་ཧྭའི་རིག་གནས་ལ་དུས་རབས་ཀྱི་བརྗིད་ཉམས་གསར་པ་མངོན་དུ་འཇུག་པ། མར་ཁེ་སི་རིང་ལུགས་ལ་བདེན་ལུགས་ཀྱི་འོད་སྣང་གསར་པ་འཕྲོ་རུ་འཇུག་པ་བཅས་བྱེད་དགོས།

“ལོ་ངོ་བརྒྱའི་རིང་དུ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་རླབས་ཆེའི་འཕེལ་རིམ་གྱིས། ཏང་དང་མི་དམངས་ཀྱི་ལས་དོན་འཕེལ་རྒྱས་ཐད་གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་ལྷན་སྐྱོད་ཀྱི་ཚན་རིག་དང་མཐུན་པའི་གཞུང་ལུགས་མཛུབ་སྟོན་འདོན་སྤྲོད་བྱས་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་གཅིག་གྱུར་ཡོང་ཆེད་བསམ་པའི་རྨང་གཞི་བརྟན་པོ་འདོན་སྤྲོད་བྱས་ཡོད། ངས་ཅིས་ཀྱང་ཏང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་སྟེ། བརྩོན་འགྲུས་ཆེར་བསྐྱེད་དང་སློབ་སྦྱོང་ལ་འབད་པ་བྱས་ནས། རྒྱལ་ཁབ་དང་སློབ་གྲྭས་ང་ཚོར་བཟུང་བའི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་། སྔར་ལས་མཛེས་པའི་སློབ་ར་དང་སྔར་ལས་སྐྱིད་པའི་མཚོ་སྔོན། སྔར་ལས་སྟོབས་ཆེ་བའི་རྒྱལ་ཁབ་འཛུགས་སྐྲུན་བཅས་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་གང་ཡོད་འབུལ་རྒྱུ་ཡིན”ཞེས་མཚོ་སྔོན་མི་རིགས་སློབ་ཆེན་རྩོམ་རིག་དང་གསར་འགྱུར་སྒྲོག་སྤེལ་སློབ་གླིང་གི2020ལོའི་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་སློབ་མ་ལོའུ་ཧོང་ཅིང་གིས་དཔའ་ངར་ཆེར་བསྐྱེད་ཀྱིས་དེ་ལྟར་བརྗོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།