ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྒོས་སྤེལ་ཏེ་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ཐད་བྱས་རྗེས་འཇོག་དགོས་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཚེས8ཉིན་པེ་ཅིན་དུ“ལོ་བརྒྱའི་ལས་དོན་རླབས་ཆེན། ཞིང་གསུམ་གྱི་ལེའུ་སྟེ——ཞིང་ལས་ཞིང་སྡེའི་པུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བརྗོད་དོན་འགྲེམ་སྟོན”ལ་བལྟས། ཁོས་ནན་གྱིས་བསྟན་དོན། ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཏེ། ཏང་གི་ལོ་བརྒྱའི་རིང་གི་ཞིང་ཕན་ཞིང་དར་གྱི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཚོར་ཤེས་བྱས་ཏེ། ཞིང་ལས་ཀྱི་ཆེད་དུ་མཐོར་འདེགས་སུ་གཏོང་བའི་འགན་འཁྲི་ཕྲག་ཏུ་བླངས་ནས། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན། 

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། ང་ཚོའི་ཏང་གི་ལོ་བརྒྱའི་དཀའ་སྤྱད་འབད་བརྩོན་གྱི་གོ་རིམ་ཁྲོད། “ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་ནི་ལམ་ཐིག་གཙོ་བོ་ཡིན། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”གནད་དོན་དེ་ཏང་ཡོངས་ཀྱི་བྱ་བའི་གཙོ་གནད་ཁྲོད་ཀྱི་འགངས་ཆེན་དུ་བརྩིས་ཏེ། ཞིང་ལས་ཞིང་སྡེ་སྐུལ་འདེད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ཅིང་། ཞིང་ལས་ཞིང་སྡེ་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བར་རྐང་ཚུགས་ཡོད། ཏན་ཏིག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བ་སྤེལ་ནས། ཏང་གིས“ཞིང་གསུམ”གནད་དོན་ཐག་གཅོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་དང་སྤྱི་བསྡོམས་བྱས་ཏེ། ཉམས་མྱོང་རྒྱུད་འཛིན་དང་དར་སྤེལ་བཏང་ནས། “འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། ཏང་གི“ཞིང་གསུམ”གྱི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་བའི་འདུ་ཤེས་དང་ནུས་ཤུགས་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། སློབ་གསོའི་སློབ་སྦྱོང་གི་ཕན་འབྲས་དེ“ཞིང་གསུམ”ཁྱབ་ཁོངས་ཀྱི་ལས་དོན་སོ་སོའི་འཕེལ་རྒྱས་ཁྲོད་མངོན་དུ་འཇུག་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།