ཀྲུང་གོ་བོད་ཀྱི་དྲ་བ།

《གུང་ཁྲན་ཏང་གི་བསྒྲགས་གཏམ》པར་གཞི་རིགས306རྒྱལ་ཁབ་དཔེ་མཛོད་ཁང་དུ་དངོས་སུ་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས8ཉིན། རྒྱལ་ཁབ་དཔེ་མཛོད་ཁང་དང་ཀྲུང་གུང་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་མཉམ་དུ་གཙོ་སྒྲུབ་བྱས་པའི《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་ཆེད་དོན་འགྲེམས་སྟོན་དེ་ཚེས8ཉིན་རྒྱལ་ཁབ་དཔེ་མཛོད་ཁང་དུ་འགྲེམ་སྟོན་བྱེད་མགོ་ཚུགས་པ་དང་། རྒྱ་ཡིག་དང་འཇར་མན་ཡི་གེ  ཨུ་རུ་སུའི་ཡི་གེ  དབྱིན་ཡིག  ཧྥ་རན་སེའི་ཡི་གེ་སོགས་ཡིག་རིགས55ཡི《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་པར་གཞི་རིགས306ཟིན་པ་དང་རྒྱ་ཡིག་གི་པར་གཞི་སྣ་ཁ78ཡོད་པ་རེད།

ཤེས་གསལ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་ལ“《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་འཁྲུངས་རིམ།” དང“《གུང་ཁྲན་ཏང་གི་བསྒྲགས་གཏམ》འཛམ་གླིང་དུ་ཁྱབ་སྤེལ་བཏང་བའི་ལོ་རྒྱུས།” “《གུང་ཁྲན་ཏང་གི་བསྒྲགས་གཏམ》ཀྲུང་གོའི་ནང་ཁུལ་གྱི་ཁྱབ་སྤེལ།” “‘རི་མོ་ཡི་ལམ་ནས《གུང་ཁྲན་ཏང་གི་བསྒྲགས་གཏམ》གླེང་བ།” བཅས་ལེའུ་བཞི་རུ་དབྱེ་ནས།  རླབས་ཆེ་བའི་མི་བུ་མར་ཁེ་སི་དང་ཨེན་ཀེ་སིའི་སྐུ་ཚེ་ཧྲིལ་བོའི་མྱངས་པ་དང་ཁོང་ཚོས་གསར་བརྗེའི་མཛའ་བརྩེ་ཡི་བརྒྱུད་རིམ་གླེང་བ་དང་། 《གུང་ཁྲན་ཏང་གི་བསྒྲགས་གཏམ》འཁྲུངས་བའི་རྒྱབ་ལྗོངས་དང་བརྒྱུད་རིམ། རིགས་པའི་གཞུང་ལུགས་གལ་ཆེན་དང་། འཛམ་གླིང་དང་ཀྲུང་གོར་ཁྱབ་སྤེལ་དུ་བཏང་བ་བཅས་ཀྱི་སྒོ་ནས་འགྲེམས་སྟོན་བྱས་ཡོད། 

ངོ་སྤྲོད་བྱས་པ་ལྟར་ན། འགྲེམས་སྟོན་དུ་གཙོ་བོ《གུང་ཁྲན་ཏང་གི་བསྒྲགས་གཏམ》ཀྲུང་གོ་དུ་ཁྱབ་སྤེལ་བྱས་པ་དང་། ཁྱོན་ཡོངས་ནས《གུང་ཁྲན་ཏང་གི་བསྒྲགས་གཏམ》ལེགས་སྒྲིག་བྱས་ནས་ཀྲུང་གོ་དུ་ལོ་ཙཱ་དང་ཁྱབ་སྤེལ་སོགས་ཀྱི་ཆ་འཕྲིན་དང་དེ་བཞིན་འབྲེལ་ཡོད་ལོ་རྒྱུས་མི་སྣའི་བྱས་རྗེས་བཅས་འབུར་ཐོན་བཏང་ནས།  ཀྲུང་གོའི་གསར་བརྗེའི་འཕེལ་རིམ་ཁྲོད་ཐོན་པའི་ཤུགས་རྐྱེན་ངོ་སྤྲོད་གཏིང་ཟབ་བྱས་པ་དང་། ཁྲེན་ཝང་ཏའོ་དང་ཧྭ་ཀང་། ཁྲིན་ཧྥང་བོ། ཞུས་པིན། པོ་ཀུའུ། ཀྲུང་དབྱང་ཡིག་སྒྱུར་ཅུའུ་སོགས་ཀྱིས་ཡིག་སྒྱུར་བྱས་པའི་རྒྱ་ཡིག་གི་བསྒྱུར་དེབ་འགྲེམས་སྟོན་བྱས་ཏེ། ལྟད་མོ་བ་རྣམས་ལ་བསྒྱུར་དེབ་རེ་རེའི་རྒྱབ་ཀྱི་གཏམ་རྒྱུད་རྒྱུས་ལོན་པར་བྱས་ཡོད།

དེ་ལས་གཞན། ལྟད་མོ་བས་གནའ་དཔེ་རྩ་ཆེན་དང་དཔེ་རྙིང་དཀྱུས་མ། ཡོ་རོབ་དང་ཨ་རིའི་རྒྱལ་ཁབ་ཀྱི་ལེགས་དེབ། ལག་བྲིས། དུས་དེབ། ཚགས་པར་སོགས་ཚུད་པའི་གསར་བརྗེའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་རྩ་ཆེན་སྣ་ཚོགས་ཀྱང་བལྟ་ཐུབ།

ཐེངས་འདིའི་འགྲེམས་སྟོན་དེ་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་རིན་མེད་ངང་སྒོ་མོ་འབྱེད་པ་དང་། འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱེད་པར་སྔོན་ལ་ཁ་ཆད་འཇོག་དགོས། ལྟད་མོ་བས“རྒྱལ་ཁབ་བསྟན་བཅོས་རྟེན་མཛོད་ཁང”གི་གཞུང་ཕྱོགས་དྲ་ཚིགས་དང་ཡང་ན“རྒྱལ་ཁབ་བསྟན་བཅོས་རྟེན་མཛོད་ཁང”གི་སྐད་འཕྲིན་སྤྱི་རྟགས་སུ་བརྡ་ཆད་གཙོ་བོ“སྒོ་ཕྱེ་བ”བསྐུར་ནས་ལྟ་སྐོར་གྱི་ཁ་ཆད་འཇོག་ཐབས་ལ་ལྟ་ཐུབ།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།