ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་འཛམ་གླིང་མི་བཟོས་རིག་ནུས་ཚོགས་ཆེན་ཧྲང་ཧེ་རུ་འཚོགས་མགོ་ཚུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ7པའི་ཚེས8ཉིན་ཚོགས་ཞུགས་མི་སྣས2021འཛམ་གླིང་མི་བཟོས་རིག་ནུས་ཚོགས་ཆེན་གྱི་མགོ་ཚུགས་མཛད་སྒོའི་ཚོགས་ར་ནང་སྐྱོད་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས8ཉིན། 2021ལོའི་འཛམ་གླིང་མི་བཟོས་རིག་ནུས་ཚོགས་ཆེན་ཧྲང་ཧེ་རུ་འཚོགས་མགོ་ཚུགས། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“རིག་ནུས་ཀྱིས་འཛམ་གླིང་སྦྲེལ། བློ་མང་གིས་ལྕགས་རི་བསྐྲུན”ཞེས་པ་དེ་ཡིན་ལ། ཚོགས་ཆེན་སྟེང་གླེང་སྟེགས་དང་དངོས་མང་འགྲེམ་སྟོན། འགྲན་བསྡུར་དཔྱད་འདེམས། ཡོ་ཆས་ཉམས་རོལ་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་དང་། ཁེ་ལས300ལྷག་གིས་སྔོན་ཐོན་གྱི་མི་བཟོས་རིག་ནུས་ལག་རྩལ་དང་ཐོན་རྫས་རྣམས་གཅིག་བསྡུས་སྒོས་ལྟད་མོ་བའི་མིག་ལམ་དུ་བསྟར་རྒྱུ་རེད། ཐེངས་འདིའི་ཚོགས་ཆེན་ཟླ7པའི་ཚེས10ཉིན་བར་སྤེལ་རྒྱུ་རེད། །

པར་འདི་ནི་ཟླ7པའི་ཚེས8ཉིན་ལྟད་མོ་བས་འཕྲུལ་ཆས་ཀྱིས་བཟོས་པའི་ལག་པ་བཀོལ་བའི་ལས་བྱེད་མི་སྣ་དང་ལག་འཇུ་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ7པའི་ཚེས8ཉིན2021འཛམ་གླིང་མི་བཟོས་རིག་ནུས་ཚོགས་ཆེན་སྟེང་འགྲེམ་སྟོན་བྱེད་པའི་ཕྱོགས་གསུམ་འཕྲོས་བརྙན་པར་རིས་ཀྱི་རྣམ་པ་རེད།

པར་འདི་ནི་ཟླ7པའི་ཚེས8ཉིན་མིང་ལWalker Xཟེར་བའི་འཕྲུལ་མིས་ཡུལ་དངོས་ནས་ལྟད་མོ་བར་འཕུར་མཉེད་བྱེད་པའི་རྣམ་པ་རེད།

པར་འདི་ནི་ཟླ7པའི་ཚེས8ཉིན་ལྟད་མོ་བས་ཚོགས་རའི་ཡུལ་དངོས་ནས་འཕྲུལ་མི་ཉམས་རོལ་བྱེད་པའི་རྣམ་པ་རེད།

 པར་འདི་ནི་ཟླ7པའི་ཚེས8ཉིན་ཉམས་རོལ་པ་ཞིག་གིས་རང་འགུལ་འཁོར་བསྒྱུར་གྱི་བྱེད་ནུས་རོལ་མྱོང་བྱེད་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།