ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྨན་བཅོས་ཉེན་ཚབ་ཀྱིས་ཕན་འབྲས་མཐོ་ཞིང་དམངས་ལ་ཕན་པའི་ཞབས་ཞུ་བཟང་བོ་བསྒྲུབ་རྒྱུ་བཀོད་སྒྲིག་བྱས་ཤིང་། ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་མཁན་གྱི་ཁེ་དབང་འགན་སྲུང་ལ་ཤུགས་སྣོན་པའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་འགའ་གཏན་འཁེལ་བྱས་པ་དང་། དངུལ་རྩ་ཡིས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཐཱན་ཉུང་འདོན་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་འདོན་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།