ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ས་ཀེར་དང་གྲོས་མོལ་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བརྙན་ལམ་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ས་ཀེར་དང་གྲོས་མོལ་གནང་། 

1625708772205550.jpg

ཚེས7ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བརྙན་ལམ་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ས་ཀེར་དང་གྲོས་མོལ་གནང་། 

ལི་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་ནི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཡིན། ཕྱོགས་གཉིས་པོས་ཧུར་ཐག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་རྒྱུད་འཛིན་མི་མོ་ཧན་མོ་ཏེ་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་གནང་བའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་བྱས་ནས། ཀྲུང་ཨའི་འབྲེལ་བའི“ལོ་བརྒྱའི་ཇུས་ཆེན”འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་པས། ཆབ་སྲིད་ཐད་ཕན་ཚུན་གྱི་ཡིད་ཆེས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་སོང་ཞིང་། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ། སྤྱི་ཚོགས་ཀྱི་རིག་གནས་ཀྱི་འབྲེལ་འདྲིས་སྔར་བས་ཟབ་ཏུ་ཕྱིན། ལྷག་པར་དུ་རིམས་འགོག་མཉམ་ལས་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མཛེས་ཆ་གསར་བ་ཞིག་ཏུ་གྱུར། ཀྲུང་གོ་དང་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་སྐྱོང་ལ་འཕེལ་རྒྱས་གལ་ཆེན་བྱུང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། ཀྲུང་གོ་དང་རྒྱ་ཆེ་བའི་ཨ་རབ་དང་དབྱི་སི་ལམ་རྒྱལ་ཁབ་བར་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་བྱེད་པའི་དཔེ་མཚོན་ཡང་བཏོད་ཡོད། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་ཨ་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་མཐོ་ཤོས་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་གཞིར་བཟུང་་ནས། འཐབ་ཇུས་རིམ་པའི་ཐད་ཀྱི་འབྲེལ་གཏུག་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་། “འབྱུང་འགྱུར་ལ་ཁ་ཕྱོགས་པའི་ལོ50ཡི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས”སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས། ཆབ་སྲིད་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱས་ནས།《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དམིགས་ཡུལ་དང་རྩ་དོན། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། རྒྱ་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྩ་བ་དང་རྒྱང་རིང་གི་ཁེ་ཕན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། རིམས་འགོག་མཉམ་ལས་རྒྱུན་མཐུད་ངང་སྤེལ་ནས་འབྲེལ་ཡོད་རིམས་འགོག་སྨན་ཁབ་མཉམ་ལས་ཀྱིས་རྒྱལ་ཁབ་སྔར་བས་མང་བར་ཕན་ཐོགས་པར་སྐུལ་འདེད་གཏོང་དགོས། མུ་མཐུད་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ནུས་རྒྱུ་དང་རྨང་གཞིའི་འཛུགས་སྐྲུན། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལེགས་པོའི་རྨང་གཞིའི་ཐོག་མཉམ་ལས་ཀྱི་ཁྱབ་ཁོངས་གསར་བ་རྒྱ་ཆེར་བཏང་སྟེ་སྤྱི་ཚོགས་ཀྱི་རིག་གནས་ཀྱི་ཁྱབ་ཁོངས་ཀྱི་འགྲོ་འོང་གཏིང་ཟབ་ཏུ་གཏོང་དགོས། 

ལི་ཀྲན་ཧྲུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཞིན་ཅང་དང་འབྲེལ་བའི་གནད་དོན་དང་ནད་དུག་ཁུངས་འདེད་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་། 

ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཚོགས་དང་འབྲེལ་འདྲིས་མཉམ་ལས་བྱ་རྒྱུར་མཐོང་ཆེན་ཆེན་པོ་བྱེད་ཀྱིན་ཡོད། ཕྱོགས་གཉིས་པོས་ཆེད་དོན་ཨུ་ལྷན་ཚོགས་དང་མཛའ་མཐུན་ཚོ་ཆུང་། འཐུས་མི་སོ་སོའི་བར་གྱི་འགྲོ་འོང་ལ་སྔར་བས་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཕན་པའི་བཅའ་ཁྲིམས་ཀྱི་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་སྤྲད་པ་དང་བཟོ་བཅོས་བརྒྱབ་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་ཀྱི་འགན་ལེན་བྱ་དགོས། ཁྲིམས་ལྟར་རྒྱལ་སྐྱོང་དང་དམངས་འཚོ་ལེགས་བཅོས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་སོགས་ཐད་ཀྱི་འབྲེལ་འདྲིས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། ཕྱོགས་མང་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱ་དགོས། 

ས་ཀེར་གྱིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་ལ། རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་བྱས་ནས་མཛའ་བརྩེ་ཟབ་མོ་ལྡན་ཞིང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་འཁོར100ལོན་པར་རྟེན་འབྲེལ་ཞུ། ཀྲུང་གོས་རིམས་ནད་འགོག་བཅོས་ཁྲོད་ཨ་ཧྥུ་ཀ་ནི་ཨ་རབ་ལ་རྒྱབ་སྐྱོར་གལ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཛའ་མཐུན་འགྲོ་འོང་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད། མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་འདོད་ཡོད། །  

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།