ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་གིས“རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས”ཀྱི་འགྲེམ་སྟོན་ཁ་སྣོན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས7ཉིན། གསར་འགོད་པས་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་ནས་ཤེས་གསལ་ལྟར་ན། དྲན་གསོ་ཁང་གིས་གསར་དུ་ཁ་སྣོན་བྱས་པའི"རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས"ཞེས་པའི་འགྲེམ་སྟོན་ཚེས7ཉིན་ལྟ་སྐོར་བ་རྣམ་ལ་སྒོ་འབྱེད་རྒྱུ་ཡིན་པ་དང་། རླབས་ཆེ་བའི་མགོ་རྩོམ་ས་ཏེ་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་བཤམས་སྟོན་སྔར་ལས་འཐུས་ཚང་དུ་གྱུར་ཡོད།

གཞི་རྩའི་བཤམས་སྟོན་གྱི་མཐའ་མའི་ཚོམས་ཆེན་དུ་རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་གསལ་བོར་རྒྱབ་ལྗོངས་དམར་པོའི་གྱང་ངོས་སུ་བྲིས་ཡོད་དེ། བདེན་དོན་མཐའ་འཁྱོངས་དང་ཕུགས་བསམ་བརྟན་སྲུང་།  ཐོག་མའི་བསམ་འདུན་ལག་བསྟར། འགན་འཁྲི་འཁུར་ཕོད་པ། རང་སྲོག་བློས་གཏོང་ཕོད་པ། དཔའ་ངར་ཆེན་པོས་འཐབ་རྩོད། ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ། དམར་མདངས་བཀྲ་བའི་ཏང་དར་མདུན་དུ་ལྟ་སྐོར་བ་ཚོས་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱེད་པའི་སྐད་སྒྲ་མཐོན་པོས་ཁེངས་ཡོད།

“ང་ཚོས་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་དང་ཀྲུང་གོ་གུང་ཁྲན་ཏང་འཁྲུངས་ཡུལ་སྲུང་སྐྱོང་ཡག་པོ་བྱས་ཏེ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང་ཏང་གི་ཐོག་མའི་བསམ་འདུན་གཟི་བརྗིད་ཀྱི་ཧྲང་ཧའེ་གྲོང་ཁྱེར་ནས་ནམ་ཡང་འོད་ཟེར་འཕྲོ་བར་བྱེད་དགོས”ཅེས་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་གི་ཏང་ཨུ་ཧྲུའུ་ཅིའམ་ཀོན་ཀྲང་ཞུའེ་ཧྥུང་གིས་དེ་ལྟར་བཤད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།