ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཅེ་ཁེའི་ཙུང་ཐུང་ཙེ་མན་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས7ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཅེ་ཁེའི་ཙུང་ཐུང་ཙེ་མན་ལ་ཁ་པར་བཏང་། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་ལ། མིའི་རིགས་ཀྱི་སྤྱི་ཚོགས་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཐུན་མོང་འགྲན་སློང་འཕྲད་ཡོད། ཀྲུང་ཅེའི་འབྲེལ་བར་སྲུང་སྐྱོང་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་གྱི་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ཡོད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་མཐུན་ཡོད། ཁྱེད་ཀྱིས་ལོ་མང་པོའི་རིང་ཁྱོན་ཡོངས་དང་རྒྱང་རིང་ལ་དམིགས་ཏེ་ཀྲུང་ཅེའི་འབྲེལ་བར་ལྟ་སྟངས་ཡང་དག་རྒྱུན་འཁྱོངས་བྱས་པར་ངས་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད། ཅེ་ཁེ་ཡི་མི་སྣ་དེ་བས་མང་བས་ཀྲུང་གོ་དང་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་བརྩོན་པ། འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བཅས་བྱས་ནས་ཀྲུང་གོ་དང་ཅེ་ཁེའི་འབྲེལ་བ་སྐྱོན་བྲལ་དང་གསོན་ཤུགས་ལྡན་པ་རྒྱུན་འཁྱོངས་བྱེད་རྒྱུའི་རེ་བ་ཡོད།  ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ། རིམས་ནད་འགོག་བཅོས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ལས་མགོ་བསྐྱར་ཚུགས་དང་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ། ཕྱོགས་གཉིས་པོས་མ་འཇོག་དང་ཚོང་དོན་ལ་ལྕག་སྐུལ་བྱས་ནས་མཉམ་ལས་ཀྱི་ལྷང་ངེ་ས་མང་པོ་ཧུར་ཐག་གིས་གཏོད་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་དབུ་ཚོགས་ཀྱི་གྲུབ་འབྲས་རེ་རེ་བཞིན་དོན་འཁྱོལ་བྱེད་བཞིན་ཡོད། ཅེ་ཁེ་ཡིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་པོ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་ཆེད་གོ་སྐབས་སྔར་བས་མང་བ་གཏོད་རྒྱུའི་རེ་བ་ཡོད། ཅེ་ཁེ་ཡིས་ཀྲུང་གོ་དང་ཡོ་རོབ་བར་གྱི་གླེང་མོལ་མཉམ་ལས་ལ་ཤུགས་སྣོན་དང་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད། 

ཙེ་མན་གྱིས་བསྟན་དོན། ངས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་རྟེན་འབྲེལ་ཞུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཀྲུང་གོར་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་པའི་སྨོན་འདུན་ཞུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅེ་ཀྲུང་འབྲེལ་བར་འཛིན་པའི་དགོངས་ཚུལ་ལ་ང་མོས་མཐུན་ཡོད། ཅེ་ཁེ་ཡིས་ཀྲུང་གོ་དང་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་བརྩོན་ནས་ཀྲུང་གོ་དང་འབྲེལ་གཏུག་དམ་ཟབ་དང་འགོག་རྐྱེན་ཁྱད་བསལ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བདེ་བླག་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ངས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་མཉམ་ལས་བྱས་ནས་ཐུན་མོང་ཐོག་འཇིགས་སྐུལ་རིང་ལུགས་སོགས་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པར་འདོད། ཅེ་ཁེ་ཡིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་འབྲེལ་ཐག་བྱེད་འདོད་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་གྲུབ་ཡོང་བར་སྨོན་འདུན་ཞུ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།