ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་རང་རྒྱལ་གྱི“གསར་གསུམ”དཔལ་འབྱོར་གྱི་འཕར་བའི་རིན་ཐང་དེGDPབསྡུར་ཚད་ཀྱི17.08%ཟིན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས6ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཚེས6ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ཞིབ་རྩིས་བྱས་པ་བརྒྱུད། 2020ལོའི་རང་རྒྱལ་གྱི་“གསར་གསུམ”དཔལ་འབྱོར་འཕར་བའི་རིན་ཐང་སྒོར་དུང་ཕྱུར169254ལ་སླེབས་པ་དང་། དེ་ན་ནིང་ལས4.5འཕར་ཞིང་། དུས་མཉམ་གྱིGDPད་ལྟའི་རིན་གོང་གི་འཕར་ཚད་ལས་བརྒྱ་ཆའི་ཚེག1.5མཐོ་རུ་ཕྱིན་པ་དང་། དེGDPབསྡུར་ཚད་ཀྱི17.08%ཟིན་ལ། ན་ནིང་ལས་བརྒྱ་ཆའི་ཚེག0.7ཇེ་མཐོར་སོང་ཡོད། 

ཐོན་ལས་ཐེངས་གསུམ་དུ་བགོས་ནས་བལྟས་ན། “གསར་གསུམ”དཔལ་འབྱོར་ཁྲོད། ཐོན་ལས་དང་པོའི་འཕར་བའི་རིན་གྲངས་སྒོར་དུང་ཕྱུར7423ལ་སླེབས་པ་དང་། ན་ནིང་ལས11.0འཕར་བ་དང་།བསྡུར་ཚད4.39%ཟིན། ཐོན་ལས་གཉིས་པའི་འཕར་བའི་རིན་ཐང་སྒོར་དུང་ཕྱུར73487ལ་སླེབས་པ་དང་། ན་ནིང་ལས4.3འཕར་ལ། བསྡུར་ཚད43.42%ཟིན། ཐོན་ལས་གསུམ་པའི་འཕར་བའི་རིན་ཐང་སྒོར་དུང་ཕྱུར88345ཡིན་ཞིང་། ན་ནིང་ལས4.2འཕར་བ་དང་། བསྡུར་ཚད52.20%ཟིན

“གསར་གསུམ”དཔལ་འབྱོར་ནི་ཐོན་ལས་གསར་བ་དང་ལས་རྣམ་གསར་བ། ཚོང་ལས་རྣམ་པ་གསར་བ་ནང་དོན་ཡིན་པའི་དཔལ་འབྱོར་བྱ་འགུལ་གཅིག་བསྡུས་ཤིག་ཡིན། “གསར་གསུམ”དཔལ་འབྱོར་འཕར་བའི་རིན་ཐང་ཚད་འཇལ་བ་ནི་རྒྱལ་ཁབ་ཅིག(ཡང་ན་ས་ཁུལ)གི་རྒྱུན་སྡོད་ལས་ཁུངས་ཀྱི་དུས་སྐབས་ངེས་ཅན་གྱི་ནང་དུ་གཉེར་བའི“གསར་གསུམ”དཔལ་འབྱོར་ཐོན་སྐྱེད་འཚོ་བའི་བྱ་འགུལ་གསར་སྐྲུན་བྱས་པའི་འཕར་བའི་རིན་ཐང་ཡིན།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།