ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་ཤིང་གཙོ་དོན་གསུང་བཤད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་ཤིང་། 《སྲིད་ཏང་གི་མཉམ་ལས་ལ་ཤུགས་བསྣན་ཏེ་ཐུན་མོང་སྒོས་མི་དམངས་ལ་བདེ་སྐྱིད་བསྐྲུན》ཞེས་པའི་གཙོ་དོན་གསུང་བཤད་གནང་ནས། སྲིད་ཏང་ནི་མིའི་རིགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཡང་དག་པའི་མདུན་སྐྱོད་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མིའི་རིགས་ཀྱི་ཡར་རྒྱས་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་མཉམ་དུ་འབད་བརྩོན་བྱས་ནས་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྱི་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན།

1625618417727751.jpg

ཟླ7པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་ཤིང་གཙོ་དོན་གསུང་བཤད་གནང་།    

ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མགོ་ཁྲིད་པའི་དབུ་ཚོགས་ཀྱིས“མི་དམངས་ལ་བདེ་སྐྱིད་བསྐྲུན་པ་སྟེ་སྲིད་ཏང་གི་འགན་འཁྲི”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། དབུ་ཚོགས་ཀྱི་ཚོགས་ར་གཙོ་བོ་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་ཡིན། གསེར་མདོག་ཚོམས་ཆེན་ནང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དང་ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་སྲིད་ཏང་གི་ཏང་དར་འོད་མདངས་ཆེམ་ཆེམ་དུ་འཕྲོས་ནས་བརྗིད་ཉམས་ཆེ་བའི་ཏང་དར་གྱི་ཕྲེང་བསྒྲིགས་ཡོད། ཚོགས་རར་བརྙན་ཤེལ་ཆེན་པོ་ལྔས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་ཏང་གི་མགོ་ཁྲིད་པས“སྤྲིན་ལམ”མཉམ་འཛོམས་བྱས་ནས་ཐུན་མོང་སྒོས་ཇུས་ཆེན་གྲོས་བསྡུར་དང་འབྱུང་འགྱུར་གླེང་བའི་རྣམ་པ་གང་ལེགས་ཀྱིས་མངོན་ཡོད། 

ཞི་ཅིན་ཕིང་གིས་ཐོག་མར་གཙོ་དོན་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་རིང་། ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མུ་མཐུད་འབད་འཐབ་བྱས་ནས་ཀྲུང་ཧྭ་མི་རིགས་ཡར་ལངས་བ་དང་ཕྱུག་པོར་གྱུར་བ་ནས་སྟོབས་ཆེར་སོང་བའི་རླབས་ཆེན་མཆོང་སྐྱོད་བྱས་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ལས་དབང་གཅིག་མཐུན་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་གི་གནས་བབ་ཡོངས་དང་དུས་རབས་ཀྱི་རླབས་རྒྱུན་ཁྲོད་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་སྐྱོད་ཁ་ཕྱོགས་ནན་འཛིན་བྱེད་པ་དང་། རྒྱལ་ཁབ་སོ་སོ་ཐུན་མོང་སྟེང་འཕེལ་རྒྱས་དང་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེ་རིང་། མིའི་རིགས་ཀྱི་སྤྱི་ཚོགས་སླར་ཡང་གང་གཏད་གང་འགྲོའི་ལོ་རྒྱུས་ཀྱི་འགག་མདོ་རུ་སླེབས་ཡོད། གདམ་ག་ང་ཚོའི་ལག་ཏུ་ཡོད་ལ་འགན་འཁྲི་ང་ཚོའི་ཕྲག་ཏུ་ཡོད། ཐུན་མོང་གི་འགྲན་སློང་གི་མདུན་དུ་མིའི་རིགས་སྐྱིད་སྡུག་མཉམ་མྱོང་དང་ཞི་མཐུན་མཉམ་གནས་ཀྱི་ལམ་བུ་ཁོ་ན་ལས་མེད། སྲིད་ཏང་དེ་མིའི་རིགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཡང་དག་པའི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས།  

ཟླ7པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་ཤིང་གཙོ་དོན་གསུང་བཤད་གནང་།

དང་པོ། ང་ཚོས་ཁ་ཕྱོགས་སྣེ་ཁྲིད་ཀྱི་འགན་འཁྲི་ཁུར་ནས་མིའི་རིགས་ཀྱི་ཐུན་མོང་གི་འབྱུང་འགྱུར་སྟངས་འཛིན་དང་གསར་གཏོད་བྱེད་དགོས། དུས་རབས་ཆེན་པོར་རྣམ་པ་ཆེན་པོ་དགོས་ལ་རྣམ་པ་ཆེན་པོར་བློ་རྒྱ་ཆེན་པོ་དགོས། ང་ཚོས་མི་དམངས་ཀྱི་བསམ་འདུན་ཉན་དགོས་ལ། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་དགོས། རྒྱལ་ཁབ་སོ་སོས་མཐུན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་རང་གི་མི་དམངས་ཀྱི་ཁེ་ཕན་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཁེ་ཕན་གཅིག་གྱུར་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། 

གཉིས་པ། ང་ཚོས་ངོས་འཛིན་གཅིག་སྒྲིལ་གྱི་འགན་འཁྲི་ཁུར་ནས་ཞི་བདེ་དང་འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་སྟེ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་བརྟན་སྲུང་དང་དར་སྤེལ་གཏོང་དགོས། ང་ཚོས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་དང་། བློ་རྒྱ་ཆེན་པོའི་སྒོ་ནས་ཤེས་དཔལ་མི་འདྲ་བས་རིན་ཐང་གི་ནང་དོན་ལ་ངོས་འཛིན་བྱས་ཤིང་། རྒྱལ་ཁབ་མི་འདྲ་བའི་མི་དམངས་ཀྱིས་རིན་ཐང་མངོན་འགྱུར་གྱི་ལམ་བུ་འཚོལ་ཞིབ་བྱེད་པར་བརྩི་འཇོག་བྱས་ཏེ་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དེ་ཞིབ་ཕྲ་དང་དངོས་ཡོད་ཀྱི་སྒོ་ནས་རྒྱལ་ཁབ་རང་གི་མི་དམངས་ཀྱི་ཁེ་ཕན་མངོན་འགྱུར་བྱེད་པའི་ལག་ལེན་ཁྲོད་མཚོན་པར་བྱེད་དགོས། 

གསུམ་པ། ང་ཚོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཁུར་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་བས་མང་ཞིང་སྔར་བས་དྲང་གཞག་གི་སྒོས་ཕན་ཐོགས་པ་བྱེད་དགོས། མིའི་རིགས་ཀྱིས་བདེ་སྐྱིད་བརྩོན་ལེན་བྱེད་པའི་ལམ་བུའི་ཐོག རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ཀྱང་མེད་མི་རུང་། འཛམ་གླིང་ཐོག་གི་རྒྱལ་ཁབ་ཡོངས་དང་མི་རིགས་ཡོངས་ལ་འདྲ་མཉམ་གྱི་འཕེལ་རྒྱས་གོ་སྐབས་དང་ཁེ་དབང་ཡོད། རྒྱལ་ཁབ་གཞན་པའི་འཕེལ་རྒྱས་ལ་བཀག་འགོག་དང་། རྒྱལ་ཁབ་གཞན་པའི་མི་དམངས་ཀྱི་འཚོ་བ་ལ་གནོད་འཚེ་གཏོང་བའི་འཇིག་སྐུལ་གྱི་ཆབ་སྲིད་ཐབས་རྩལ་ལ་མི་དམངས་ཀྱི་རྒྱབ་སྐྱོར་མི་ཐོབ་ལ། མཐར་ཐུག་ངལ་བ་འབྲས་མེད་ཀྱང་ཡིན།  

བཞི་པ། ང་ཚོས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་འགན་འཁྲི་ཁུར་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཉེན་ཁ་དང་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས། ང་ཚོས་ཚན་རིག་དང་མཐུན་པར་སྲིད་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་དང་མཐུན་སྒྲིལ་མཉམ་ལས་དར་སྤེལ་བཏང་སྟེ་རིམས་ནད་ཆབ་སྲིད་ཅན་དུ་བསྒྱུར་བར་ངོ་རྒོལ་བྱས་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། མཉམ་ལས་ལ་བརྟེན་ནས་བདེ་འཇགས་དང་བརྟན་ལྷིང་གཉེར་ནས་ཐུན་མོང་ཐོག་བདེ་འཇགས་ཀྱི“ར་བ”ཡག་པོར་འཛུགས་དགོས། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐུན་མོང་ཐོག་ལྗང་མདོག་ཁྱིམ་གཞིས་བསྐྲུན་དགོས། འགན་འཁྲི་ཁུར་ཕོད་པ་དང་སེམས་ནུས་གཅིག་སྒྲིལ་གྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལམ་བུ་མཉམ་དུ་གཏོད་དགོས། 

ལྔ་པ། ང་ཚོས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་འགན་འཁྲི་ཁུར་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བདེ་སྐྱིད་ཀྱི་ཕྱོགས་སུ་སྐྱོད་པའི་ལམ་བུ་མི་འདྲ་བས། རྒྱལ་ཁབ་སོ་སོའི་མི་དམངས་ལ་རང་ཉིད་ཀྱི་འཕེལ་རྒྱས་བགྲོད་ལམ་དང་ལམ་ལུགས་རྣམ་པ་འདེམས་རྒྱུའི་དབང་ཆ་ཡོད། འདི་ནི་མི་དམངས་བདེ་སྐྱིད་ཡོང་བའི་དགོས་ངེས་ཀྱི་དོན་སྙིང་རེད། རྒྱལ་ཁབ་ཅིག་ལ་དམངས་གཙོ་ཡོད་མེད་རྒྱལ་ཁབ་དེའི་མི་དམངས་ཀྱིས་ཤན་འབྱེད་བྱ་དགོས་པ་ལས། མི་ཉུང་ཤས་ཀྱིས་བརྒྱ་ཁ་གཅིག་གཅོད་བྱེད་མི་རུང་། ང་ཚོས་འབྲེལ་འདྲིས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འཚམ་པའི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།   

1625616850672036.jpg

ཟླ7པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་ཤིང་གཙོ་དོན་གསུང་བཤད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་བྱ་བ་ཡག་པོར་བསྒྲུབས་ནས་ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་ལ་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་བཅུག་སྟེ་མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་འབད་འཐབ་དམིགས་འབེན་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ཡངས་ཤིང་རྒྱ་ཆེ་བའི་ཡུལ་དུས་ཁྲོད་མི་རིགས་བསྐྱར་དར་དང་མིའི་རིགས་ཡར་ཐོན་གྱི་བརྗོད་གཞི་གཏིང་ཟབ་ལ་བསམ་གཞིག་བྱེད་པ་དང་། རྒྱལ་ཁབ་སོ་སོའི་སྲིད་ཏང་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན། 

ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་སྐུལ་སྤེལ་གཏིང་ཟབ་བྱས་ནས། མིའི་རིགས་ཀྱིས་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཡོད་ཚད་དོན་དངོས་ལ་གཞིགས་ནས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་འོད་སྟོང་ལྡན་པའི་ལམ་ཆེན་དེའི་ཐོག་བསྐྱོད་དེ་རང་ཉིད་འཕེལ་རྒྱས་གཏོང་ལ་འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་རྒྱུ་ཡིན། 

ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་དེ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་དེ་སྔར་བས་སྒོ་འབྱེད་དང་། ཁོང་ཡངས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་ཁྲིད་སྟོན་བྱེད་འདོད་ཡོད།  སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་བོའི་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འཕར་ཚད་བསྣན་ཏེ། རྒྱལ་ཁབ་སྔར་བས་མང་བ་དང་མང་ཚོགས་སྔར་བས་མང་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། 

--ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཆེན་པོ་དང་ཏང་ཆེན་པོའི་འགན་འཁྲི་བསྒྲུབས་ནས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཆེད་བྱས་རྗེས་གསར་བ་འབུལ་རྒྱུ་ཡིན། དབུལ་ཕོངས་སེལ་བ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། རྒྱལ་ཁབ་སོ་སོའི་སྲིད་ཏང་གིས་འབད་བརྩོན་ཆེན་པོས་མངོན་འགྱུར་བྱེད་པའི་དམིགས་འབེན་གལ་ཆེན་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་དབུལ་བོ་ཉུང་གཏོང་གི་འཕེལ་རིམ་ལ་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་སྟོབས་ཤུགས་སྔར་བས་མང་བ་ལེགས་སྐྱེས་འབུལ་འདོད་ཡོད། ཀྲུང་གོས་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་མཉམ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། གོ་ལ་ཧྲིལ་བོར་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་བྱས་རྗེས་སྔར་བས་ཆེ་བ་འབུལ་རྒྱུ་ཡིན། 

--ཀྲུང་གོ་གུང་ཁྲན་ཏང་གིས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་བྱས་རྗེས་གསར་བ་འབུལ་དགོས། རྒྱལ་སྤྱིའི་སྒྲིག་སྲོལ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཐུན་མོང་དུ་ཁས་ལེན་པའི་སྒྲིག་སྲོལ་ཡིན་དགོས་པ་ལས་མི་ཉུང་ཤས་ཀྱིས་གཏན་འབེབས་བྱེད་མི་རུང་། ང་ཚོས་མཉམ་དུ་ཕྱོགས་མང་རིང་ལུགས་ཀྱི་མིང་ཁུར་བའི་ཕྱོགས་རྐྱང་པའི་རིང་ལུགས་ཀྱི་བྱ་སྤྱོད་སྣ་ཚོགས་ལ་ངོ་རྒོལ་བྱེད་དགོས། ཀྲུང་གོ་ནམ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་མོའི་ཁོངས་མི་ཡིན་པས། རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་ཁྲོད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་བཤད་དབང་ཆེ་རུ་གཏོང་བར་བློ་བརྟན་འགྱུར་མེད་ངང་གཞོལ་རྒྱུ་ཡིན།  

1625616850323454 (1).jpg

ཟླ7པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་ཤིང་གཙོ་དོན་གསུང་བཤད་གནང་། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་དུ་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་དང་མཉམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་མིའི་རིགས་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་དང་། སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཆེད་བྱས་རྗེས་གསར་ལ་ཆེ་བ་འཇོག་འདོད་ཡོད། 

ནན་ཧྥེ་ཧྥེ་གླིང་ལྷོ་མའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞིའམ་ཙུང་ཐུང་ལ་མ་ཧྥུ་ས། ཧ་སག་སི་ཐན་གྱི“མེས་རྒྱལ་གྱི་འོད་ཟེར”ཏང་གི་ཀྲུའུ་ཞིའམ་ཙུང་ཐུང་དང་པོ་ན་ཀྲར་པ་ཡེ་ཧྥུའུ། ཨུ་རུ་སུའི་ཨུ་རུ་སུ་གཅིག་གྱུར་ཏང་གི་ཀྲུའུ་ཞིའམ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་ཀྲུའུ་ཞི་གཞོན་པ་མེ་ཏེ་ཝུའེ་ཅའེ་ཧྥུའུ། ཨ་ཀེན་ཐིན་དྲང་བདེན་ཏང་གི་ཀྲུའུ་ཞིའམ་ཙུང་ཐུང་ཧྥེར་ནན་ཏེ་སི། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི-ཁ་ནེར། ཧྥི་ལི་ཕིན་གྱི་དམངས་གཙོ་མི་དམངས་སྟོབས་ཤུགས་ཏང་གི་ཀྲུའུ་ཞིའམ་ཙུང་ཐུང་ཏུའུ་ཐེར་ཐེ། ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞིའམ་དབུ་བཞུགས་བློན་ཆེན་ཧུང་སེན། ཅིན་པ་པུའུ་ཝེའིི་ཧྥེ་གླིང་མི་རིགས་མནའ་འབྲེལ-རྒྱལ་གཅེས་འཐབ་ཕྱོགས་ཀྱི་ཀྲུའུ་ཞིའམ་གཅིག་ལྕོགས་ཧྲུའུ་ཅི་དང་པོ། ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ། པ་ལེ་སི་ཐན་གྱི་ཧྥ་ཐ་ཧོ་ཡི་ཀྲུའུ་ཞིའམ་ཙུང་ཐུང་ཨ་པ་སི། སར་ཝེ་ཡ་མདུན་སྐྱོད་ཏང་གི་ཀྲུའུ་ཞིའམ་ཙུང་ཐུང་ཝུའུ་ཆི་ཆི། ཕ་ཁི་སི་ཐན་གྱི་དྲང་བདེན་ལས་འགུལ་ཏང་གི་ཀྲུའུ་ཞིའམ་ཙུང་ལི་དབྱི་མུའུ་ལན·ཧན། མོ་སང་པི་ཁེའི་བཅིངས་འགྲོལ་འཐབ་ཕྱོགས་ཏང་གི་ཀྲུའུ་ཞིའམ་ཙུང་ཐུང་ཉིའུ་ཞི། ན་སྨི་པི་ཡའི་མི་མི་དམངས་རྩ་འཛུགས་ཏང་གི་ཀྲུའུ་ཞིའམ་ཙུང་ཐུང་ཀེན་ཀོ་པུའུ། ཀོང་ཀོའི་ངལ་རྩོལ་ཏང་གི་ཀྲུའུ་ཞིའམ་ཀོང་ཀོ(པུའུ)ཡི་ཙུང་ཐུང་ས་སུའུ། སི་རི་ལན་ཁའི་མི་དམངས་འཐབ་ཕྱོགས་ཏང་གི་གཙོ་འཛིན་ནམ་ཙུང་ལི་མཱ་ཞིན་ཏ·ལཱ་ཅ་ཕ་ཁེ་ས། པོ་ལི་ཝེ་ཡ་ཡི་སྤྱི་ཚོགས་རིང་ལུགས་བརྩོན་ལེན་ལས་འགུལ་གྱི་ཀྲུའུ་ཞིའམ་ཙུང་ཐུང་ཟུར་པ་མོ་ལ་ལའེ་སི། མོ་རོ་ཁོའི་དྲང་བཞག་དང་འཕེལ་རྒྱས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་དབུ་བཞུགས་བློན་ཆེན་ཨའོ་སི་མན་ཉི། སུའུ་ཏན་ལྷོ་མའི་སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་གྱི་ཀྲུའུ་ཞིའམ་ཙུང་ཐུང་ཅི་ཨར། སྤྱི་ཚོགས་ཏང་རྒྱལ་སྤྱིའི་ཀྲུའུ་ཞི་ཕ་ཧྥན་ཏེ་ལི་ཨོའུ། སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་སེན་ཐེ་ལི་ཡ་སོགས་ཀྱིས་དབུ་ཚོགས་ཐོག་གསུང་བཤད་གནང་ཞིང་། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་རིང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཚད་མཐོའི་གདེང་འཇོག་གནང་། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་འོག ཀྲུང་གོའི་ཁྱབ་ཁོངས་སོ་སོར་བླངས་བའི་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་བཞག་པའི་བྱས་རྗེས་བསྟོད་བསྔགས་གང་ལེགས་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཙོ་དོན་གསུང་བཤད་ནང་བཏོན་པའི་སྲིད་ཇུས་ཀྱི་འདོད་ཚུལ་དང་ལེན་ཧུར་ཐག་བྱས་ནས། སྲིད་ཏང་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་འགན་འཁྲི་ཁུར་ནས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་སྔར་བས་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་འཛམ་གླིང་ཞིག་གཏོད་འདོད་ཡོད་ཅེས་བསྟན། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཏིང་ཞུའེ་ཞང་། དབྱང་ཅེ་ཁྲེ། དབྱང་ཞའོ་ཏུའུ། ཁྲེན་ཞི། ཧོང་ཁུན་མིང་། ཚའེ་ཆི་བཅས་དབུ་ཚོགས་ལ་ཞུགས། 

རྒྱལ་ཁབ160ལྷག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས500ལྷག་གི་མགོ་ཁྲིད་པ་དང་། སྲིད་ཏང་དང་ལས་རིགས་སོ་སོའི་འཐུས་མི་ཁྲི་ལྷག་ཚོགས་འདུར་ཞུགས། རྒྱལ་ཁབ100ལྷག་གི་སྲིད་ཏང་གིས་རང་རྒྱལ་ཁབ་ཏུ་མཉམ་སྡེབ་ཚོགས་ར200ཙམ་བཀོད་སྒྲིག་བྱས་ནས་ཏང་གི་འཐུས་མི་རྩ་འཛུགས་བྱས་ནས་ཐེངས་འདིའི་དབུ་ཚོགས་ལ་ཞུགས།  ཧྲང་ཧའེ་དང་ཧྲའན་ཤིའི་ཡན་ཨན། ཀོང་ཏུང་ཧྲིན་ཀྲིན། ཧྥུའུ་ཅན་ཉིང་ཏེ། ཀྲེ་ཅང་ཨན་ཅི་སོགས་སུ་རྒྱལ་ནང་གི་ཡན་ལག་ཚོགས་ར་བཙུགས་ནས་ས་གནས་ཀྱི་ཏང་ཡོན་ལས་བྱེད་པ་ཁག་ཅིག་གིས་དུས་གཅིག་ཏུ་དབུ་ཚོགས་ཀྱི་གནས་ཚུལ་ལ་བལྟས་པ་རེད། དབུ་ཚོགས་ཐོག་ཐུན་མོང་གི་གྲོས་འགོ་བཏོན་ནས་ཚོགས་ཞུགས་སྲིད་ཏང་གིས་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྲུང་སྐྱོང་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐུན་མོང་གི་བསམ་འདུན་བསྟན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།