སྤྱི་བདེ་པུའུ་ཡིས2021ལོའི་ལོ་སྟོད་ལ་རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་ལོ་དུང་ཕྱུར3.84དང་ཁ་ལོ་བའི་ལག་འཁྱེར་ཡོད་པའི་མི་དུང་ཕྱུར4.69ཡོད་པར་བསྟན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་བདེ་པུའུ་ཡི་བསྡོམས་རྩིས་ལ་གཞིགས་ན། 2021ལོའི་ཟླ6པའི་བར་དུ། རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་ལོ་དུང་ཕྱུར3.84ཡོད་པ་དང་། དེའི་ནང་རླངས་འཁོར་དུང་ཕྱུར2.92ཡོད། ཁ་ལོ་བའི་ལག་འཁྱེར་ཡོད་པའི་མི་དུང་ཕྱུར4.69དང་དེའི་ནང་རླངས་འཁོར་གྱི་ཁ་ལོ་བའི་ལག་འཁྱེར་ཡོད་པའི་མི་དུང་ཕྱུར4.31ཡོད། 2021ལོའི་ལོ་སྟོད་ལ་རྒྱལ་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་ལོ་ཁྲི1871ཡོད་ལ། གསར་དུ་ཁ་ལོ་བའི་ལག་འཁྱེར་བླངས་པའི་མི་ཁྲི1390ཡོད།

2021ལོའི་ལོ་སྟོད་ལ་རྒྱལ་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་ལོ་ཁྲི1871ཡོད་པ་དང་། ན་ནིང་གི་དུས་མཉམ་ལས་ཁྲི457ཇེ་མང་དུ་སོང་ཞིང་འཕར་ཚད32.33%ལ་སླེབས་ཤིང་། དུས་མཉམ་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན། རླངས་འཁོར་གསར་དུ་ཐོ་འགོད་བྱས་པ་ཁྲི1414ཡོད་པ་དང་། ན་ནིང་གི་དུས་མཉམ་ལས་ཁྲི372.5ཇེ་མང་དུ་སོང་ལ་འཕར་ཚད35.76%ལ་སླེབས། སྦག་སྦག་འཁོར་ལོ་གསར་དུ་ཐོ་འགོད་བྱས་པ་ཁྲི426དང་ན་ནིང་གི་དུས་མཉམ་ལས་ཁྲི93.2ཇེ་མང་དུ་སོང་བ་དང28.02%འཕར་ཡོད།

ཟླ6པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་སུ་ནུས་ཁུངས་གསར་བའི་རླངས་འཁོར་ཁྲི603ཡོད་པ་དང་། དེས་རླངས་འཁོར་སྤྱི་འབོར་གྱི2.06%ཟིན་ཡོད། ལོ་སྟོད་ལ་གསར་དུ་ཐོ་འགོད་བྱས་པའི་ནུས་ཁུངས་གསར་བའི་རླངས་འཁོར་ཁྲི110.3དང་ན་ནིང་གི་དུས་མཉམ་ལས་ཁྲི77.4ཇེ་མང་དུ་སོང་ལ། འཕར་ཚད234.92%ལ་སླེབས་ཤིང་དེས་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་ཡོད། 

རྒྱལ་ཡོངས་ཀྱི་གྲོང་ཁྱེར74རུ་རླངས་འཁོར་ཁྲི100ཡན་བརྒལ་ཡོད་པ་དང་། དུས་མཉམ་ལས་གྲོང་ཁྱེར5ཇེ་མང་དུ་སོང་བ་དང་། གྲོང་ཁྱེར33དུ་རླངས་འཁོར་ཁྲི200ལས་བརྒལ་ལ། གྲོང་ཁྱེར18དུ་རླངས་འཁོར་ཁྲི300ལས་བརྒལ་ཡོད། དེའི་ནང་པེ་ཅིང་དུ་རླངས་འཁོར་ཁྲི600ཡན་ལ་སླེབས་པ་དང་།  ཁྲིན་ཏུའུ་དང་ཁྲུང་ཆིང་དུ་རླངས་འཁོར་ཁྲི500ལས་བརྒལ་ཞིང་། སུའུ་ཀྲོའུ་དང་ཧྲང་ཧའེ། ཀྲིན་ཀྲོའུ་དུ་རླངས་འཁོར་ཁྲི400ལས་བརྒལ་ཡོད།

རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་ལག་འཁྱེར་ཡོད་པའི་མི་དུང་ཕྱུར4.69ཡོད་པ་དང་། དེའི་ནང་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་ཡོད་པའི་མི་དུང་ཕྱུར4.31ཡོད་ལ། དེས་ཁ་ལོ་བའི་ལག་འཁྱེར་ཡོད་པའི་སྤྱི་འབོར་གྱི92.00%ཟིན་ཡོད། 2021ལོའི་ལོ་སྟོད་ལ། རྒྱལ་ཡོངས་སུ་གསར་དུ་ཁ་ལོ་བའི་ལག་འཁྱེར་བླངས་བའི་མི་ཁྲི1390ཡོད་པ་དང་། ན་ནིང་གི་དུས་མཉམ་ལས་མི་ཁྲི662ཇེ་མང་དུ་སོང་ནས90.93%འཕར་ཡོད། དེའི་ནང་ལོ60ཡན་གྱི་ཁ་ལོ་བ་མི་ཁྲི1657དང་ན་ནིང་གི་དུས་མཉམ་ལས་མི་ཁྲི233ཇེ་མང་དུ་སོང་ཞིང16.36%འཕར་ཡོད།

རྒྱུན་རྣམ་ཅན་གྱི་རིམས་འགོག་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་ཆེད། ས་ཁུལ་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་སྡེ་ཁག་གིས་མུ་མཐུད་དུ་ཤུགས་ཆེན་པོས་འགྲིམ་འགྲུལ་དོ་དམ་ལས་དོན་སྣ31དྲ་ཐོག་ནས་སྒྲུབ་ཐུབ་པར་སྐུལ་འདེད་བཏང་། དྲ་ཐོག་ཏུ་རླངས་འཁོར་དང་ཁ་ལོ་བའི་ལག་འཁྱེར་གྱི་ལས་དོན་སྒྲུབ་ཐེངས་ཁྲི4445ལ་སླེབས་ཤིང་དུས་མཉམ་ལས92.99%འཕར་ཡོད། ། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།