ཀྲུང་གོ་བོད་ཀྱི་དྲ་བ།

2021—2022སློབ་ལོ་རིང་རྒྱལ་ཡོངས་སུ་འཆར་གཞི་ལྟར་ན་དགེ་རྒན་ཁྲི2.1འདེམས་མངགས་བྱ་འཆར་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས6ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་ཆར་སློབ་གསོ་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཐོ་པར་འགྲེམས་བྱས་ཏེ། 2021ལོའི“ཁུལ་གསུམ”གྱི་འཇོན་མི་རམ་འདེགས་འཆར་གཞི་ལས་དགེ་རྒན་ཆེད་དམིགས་འཆར་གཞི་དང་འབྲེལ་བའི་བྱ་བ་དངོས་འབེབ་བྱེད་པར་བཀོད་སྒྲིག་བྱས། བརྡ་ཐོ་ལྟར་ན། 2021—2022སློབ་ལོ་རིང་རྒྱལ་ཡོངས་སུ་འཆར་གཞི་ལྟར་ན་དགེ་རྒན21036འདེམས་མངགས་བྱ་འཆར་ཡོད་ལ། དེའི་ཁྲོད་འོས་འགན་སློབ་གསོའི་དུས་རིམ་ལ་དགེ་རྒན20041འདེམས་མངགས་བྱ་རྒྱུ་དང་། འོས་འགན་སློབ་གསོ་མ་ཡིན་པའི་དུས་རིམ་ལ་དགེ་རྒན995འདེམས་མངགས་བྱ་རྒྱུ་རེད། སློབ་ཆེན་སློབ་མའི་དངོས་སྤྱོང་རོགས་སྐྱོར་དགེ་རྒན་དང་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་ཁག་གི་ཆེད་དམིགས་ལས་ཐོབ་དགེ་རྒན་གྱི་འཆར་འགོད་དེ་ཐེངས་འདིའི་ཆེད་མངགས་ཀྱི་ཁྱབ་ཁོངས་སུ་མི་ཚུད་ལ། དུས་ཡུན་ཐུང་བའི་གཞི་རིམ་སྒྲོག་འགྲེལ་དང་རོགས་སྐྱོར་དགེ་རྒན། ཚོད་ལྟའི་དུས་ཡུན་གྱི་དགེ་རྒན་བཅས་ཚང་མ་ཁྱབ་ཁོངས་འདིའི་ནང་དུ་མི་ཚུད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།