ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་པ་ཆེན་མོ་སྐོར་ཞིག་བསྐོ་འཐེན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐག་གཅོད་ལ་གཞིགས་ཏེ་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་པ་ཆེན་མོ་སྐོར་ཞིག་བསྐོ་འཐེན་བྱས་པ་སྟེ།

གཅིག ལིའུ་ཞའོ་མིང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏ་པུའུ་ལེ་ཏེན་དང་བྱང་ཨར་ལན་མཉམ་འབྲེལ་རྒྱལ་བོའི་རྒྱལ་ཁབ་དུ་སྡོད་པའི་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་ཕྱིར་འཐེན་བྱས།

ཀྲིན་ཙིའུ་ཀོང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏ་པུའུ་ལེ་ཏེན་དང་བྱང་ཨར་ལན་མཉམ་འབྲེལ་རྒྱལ་བོའི་རྒྱལ་ཁབ་དུ་སྡོད་པའི་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་འཇོག་བྱས།

གཉིས། ཝང་ཁོ་ཅན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལི་པ་ནུན་སྤྱི་མཐུན་རྒྱལ་ཁབ་དུ་སྡོད་པའི་ཆེད་བསྐོས་ཀྱི་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་ཕྱིར་འཐེན་བྱས།

ཆན་མིན་ཅན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལི་པ་ནུན་སྤྱི་མཐུན་རྒྱལ་ཁབ་དུ་སྡོད་པའི་ཆེད་བསྐོས་ཀྱི་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་འཇོག་བྱས།

གསུམ། ཀྲིན་ཀྲུའུ་ཆང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཝུའུ་ཀན་ཏ་སྤྱི་མཐུན་རྒྱལ་ཁབ་དུ་སྡོད་པའི་ཆེད་བསྐོས་ཀྱི་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་ཕྱིར་འཐེན་བྱས།

ཀྲང་ལི་ཀྲུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཝུའུ་ཀན་ཏ་སྤྱི་མཐུན་རྒྱལ་ཁབ་དུ་སྡོད་པའི་ཆེད་བསྐོས་ཀྱི་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་འཇོག་བྱས།

བཞི། ཞུའེ་པིན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་པ་པུའུ་ཡ་ཞིན་ཅི་ནེ་ཡ་སྒེར་ཚུགས་རྒྱལ་ཁབ་ཀྱི་ཆེད་བསྐོས་ཀྱི་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་ཕྱིར་འཐེན་བྱས།

ཙིན་ཧྥན་ཧྭ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་པ་པུའུ་ཡ་ཞིན་ཅི་ནེ་ཡ་སྒེར་ཚུགས་རྒྱལ་ཁབ་ཀྱི་ཆེད་བསྐོས་ཀྱི་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་འཇོག་བྱས།  

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།