ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་ཏང་དར་སྲོལ་ཡིག》ཅེས་པའི་དེབ་རྐྱང་མ་དཔེ་སྐྲུན་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གིས་དཔེར་འགྲེམ་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་ཏང་དར་སྲོལ་ཡིག》གི་དེབ་རྐྱང་མ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ། ཉིན་མོ་དེ་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཁང་དུ་འགྲེམ་སྤེལ་བྱས།

དེབ་རྐྱང་མ་དེའི་ཁྲོད《ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་ཏང་དར་སྲོལ་ཡིག》གི་རྩོམ་ཡིག་ཆ་ཚང་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་ཏང་དར་སྲོལ་ཡིག》དཔེར་འགྲེམ་བྱེད་སྐབས་ཀྱི་གསར་འགོད་པའི་དྲི་བར་ལན་འདེབས་པའི་སྐོར་དང་མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པའི་རྩོམ་ཡིག་བཅས་བསྡུ་ལེན་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།