རང་རྒྱལ་དུAརིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་བསྡོམས་པས13332ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས5ཉིན་རིག་གནས་དང་ཡུལ་སྐོར་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་ལོ་མཇུག་བར་དུ་རྒྱལ་ཡོངས་སུAརིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་བསྡོམས་པས13332ཡོད་ཅིང་། དེའི་ཁྲོད་ན་ནིང་གི་ལོ་མཇུག་ལས་ལྗོངས་རྒྱུ་ཁུལ930ཇེ་མང་དུ་སོང་། དེའི་ཁྲོད5Aརིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ302ཡོད་པ་དང22གསར་སྣོན་བྱས།

རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི2020ལོའི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་བསྡོམས་རྩིས་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས2020ལོའི་ལོ་ཧྲིལ་བོར་རྒྱལ་ནང་གི་ཡུལ་སྐོར་མི་གྲངས་མི་ཐེངས་དུང་ཕྱུར28.79ལ་སླེབས་པ་དང་། དེ་ལོ་སྔོན་མའི་དུས་མཉམ་ལས52.1%མར་ཆག་ཡོད། རྒྱལ་ནང་གི་ཡུལ་སྐོར་ཡོང་སྒོ་སྒོར་ཁྲི2.23ལ་སླེབས་པ་དང་དུས་མཉམ་ལས61.1%མར་ཆག་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།