ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱའི་སྟེང་མཚན་བཀོད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱའི་སྟེང་མིང་རྟགས་བཀོད་དེ། དྲག་ཆས་དམག་དཔུང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཁྱད་འཐབ་རུ་ཆེན་གྱི་རུ་ཁག་འབྲིང་བར་འཇིགས་སྐུལ་ལ་རྒོལ་བའི་རལ་གྲི་རུ་འབྲིང་གི་གཟི་བརྗིད་མཚན་སྙན་གནང་།

བཀའ་རྒྱའི་ནང་དུ། དམག་དཔུང་ཡོངས་ཀྱིས་གཟི་བརྗིད་མཚན་སྙན་ཐོབ་པའི་རལ་གྲི་རུ་འབྲིང་ལ་སློབ་སྦྱོང་བྱེད་དགོས་ལ། ཏང་གི་གཞུང་ལུགས་གསར་གཏོད་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། དམར་པོའི་རྒྱུད་རྒྱུ་རྒྱུན་འཛིན་བྱེད་པ། ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་བསམ་བློ་ཆབ་སྲིད་ཀྱི་གཞི་རྟེན་བརྟན་པོར་འཛུགས་པ། དགྲ་བོ་ཆམ་ལ་འབེབས་ཐུབ་པའི་ནུས་པ་གསོ་སྐྱོང་བྱེད་པ། ཁྱོན་ཡོངས་ནས་སྦྱོང་བརྡར་ཆུ་ཚད་དང་རྒྱལ་ཁ་ལེན་ཐུབ་པའི་ནུས་པ་ཇེ་ཆེར་གཏོང་བ། ཚོད་བགམ་ཅི་རིགས་ལ་འཕྲད་ཀྱང་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་ཐུབ་པ། ཉེན་ཁ་ཅི་རིགས་ལ་འཕྲད་ཀྱང་མི་འཇིགས་པ་དང་མི་ཞུམ་པའི་ཁྱད་ཆོས་རྫོགས་པའི་དུས་རབས་གསར་པའི་གསར་བརྗེ་དམག་མིའི་དཔའ་སྤོབས་འཛོམས་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།