ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མི་ཐེངས་དུང་ཕྱུར13ལ་བརྒྱབ་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཟླ7པའི་ཚེས5ཉིན་བརྡ་ཁྱབ་སྤེལ་བར་གཞིགས་ན། རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མི་ཐེངས་དུང་ཕྱུར13ལ་བརྒྱབ་ཡོད་པ་དང་། “རིམས་འགོག་ལྕགས་རི”སྔར་བས་ཇེ་བརྟན་དུ་བཏང་ཡོད། ཆེད་མཁས་པས་ཚོགས་སྤྱི་རང་བཞིན་གྱི་རིམས་འགོག་ནུས་པ་ཆགས་མེད་པའི་གནས་ཚུལ་འོག འགོག་སྨན་བརྒྱབ་ཡོད་མེད་གང་ཡིན་རུང་། ཁ་ཐུམ་རྒྱག་པ་ནི་ཉིན་རྒྱུན་གྱི་རིམས་འགོག་ཚད་གཞི་ཞིག་ལ་བརྩི་དགོས། འགོག་སྨན་རྒྱག་པར་ཧུར་བརྩོན་གྱིས་ཞུགས་ཏེ“རིམས་འགོག་ལྕགས་རི”བསྐྲུན་པར་ང་ཚོ་ཚང་མས་ནུས་ཤུགས་འབུལ་དགོས་ཞེས་གསལ་འདེབས་གནང་།  །

1.jpg

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།