ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མིང་རྟགས་བཀོད་ནས་སྡེ་ཚན2དང་མི་སྒེར4ལ་བྱས་རྗེས་ཐོ་འགོད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མིང་རྟགས་བཀོད་ནས་སྡེ་ཚན2དང་མི་སྒེར4ལ་བྱས་རྗེས་ཐོ་འགོད་གནང་།

ཀྲུང་དབྱང་དམག་ཨུའི་འཕེལ་རྒྱས་པུའུ་ལྟེ་གནས་ག་གེ་མོའི་ཚན་ཁག་གཉིས་པ་དང་དམག་དཔུང63691ལ་བྱས་རྗེས་རིམ་པ་དང་པོ་བཀོད།

དམག་དཔུང94333ཡི་འཕུར་སྐྱོད་པ་སུང་ཀྲི་གོ་ལ་བྱས་རྗེས་རིམ་པ་དང་པོ་བཀོད་པ་དང་། སྐམ་དམག་མཁའ་སྐྱོད་དམག་དཔུང་སློབ་གླིང་གི་ཞིབ་འཇུག་ཁང་ག་གེ་མོའི་ཞིབ་འཇུག་པ་ཏུའུ་ཅི་ཡན་དང་། མཁའ་དམག་བཟོ་སྐྲུན་སློབ་ཆེན་གྱི་སློབ་དཔྱོད་ཁང་ག་གེ་མོའི་དགེ་རྒན་ཆེན་མོ་བ་ཁྲེན་ཞི་ཧུང་། མེ་ཤུགས་འཕུར་མདའི་དམག་དཔུང་གི་ཞིབ་འཇུག་ཁང་ག་གེ་མོའི་ཞིབ་འཇུག་པ་སུན་ཞང་ཏུང་བཅས་ལ་བྱས་རྗེས་རིམ་པ་གསུམ་པ་བཀོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།