ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གིས་དུས་རྣམ་ཀུན་ཏུ་མི་དམངས་བླ་ན་མེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དཔེ་གཞི་གསར་པ་བསྟན་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་མང་པོའི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འབད་འཐབ་བཞུད་ལམ་རིང་མོའི་ཁྲོད་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་བསྟོད་བསྔགས་བྱས་ཏེ། ལེགས་འགྲུབ་བྱུང་བའི་ཉམས་མྱོང་རྩ་ཆེན་ནི་སྲིད་ཏང་གཞན་དག་དང་རྒྱལ་ཁབ་གཞན་དག་ལ་མཚོན་ན་བློ་སྒོ་འབྱེད་བྱེད་ཀྱི་བསམ་པའི་རྒྱགས་ཕྱེ་ཡིན་ཟེར།

རྒྱལ་ཁབ་མང་པོའི་མི་སྣས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ་ཀྲུང་གོས་སྔར་ལས་རླབས་ཆེན་གྲུབ་འབྲས་ལེན་ཐུབ་ཅིང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པར་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།