ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་པོའི་སྲིད་ཏང་དང་སྲིད་གཞུང་གི་འགོ་ཁྲིད་པས་མུ་མཐུད་དུ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་མང་པོའི་སྲིད་ཏང་དང་སྲིད་གཞུང་གི་འགོ་ཁྲིད་པས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ལ་གློག་འཕྲིན་བཏང་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་རིང་བླངས་པའི་རླབས་ཆེན་གྲུབ་འབྲས་དང་འཛམ་གླིང་ལ་བཞག་པའི་བྱས་རྗེས་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས།

ཅེ་ཁེའི་ཙུང་ཐུང་ཙི་མན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འཁྲུངས་སྐར་ནི་ལོ་རྒྱུས་རང་བཞིན་གྱི་ལམ་ཚད་རྡོ་རིང་ཞིག་རེད་ཟེར།

དབྱི་རག་གི་པཱ་ཏི་ཨར་རྩ་འཛུགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཨ་མུས་ལེ་ཡིས་བསྟན་དོན། ཀྲུང་གོས་འཛམ་གླིང་གི་སྒེར་དབང་སྟོབས་ཤུགས་ལ་ངོ་རྒོལ་བྱེད་པའི་ཐད་བྱེད་ནུས་གལ་ཆེན་བཏོན་པ་དང་། མིའི་རིགས་ཀྱི་ཁྱོན་ཡོངས་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ཐད་འབད་འབུངས་ཆེན་པོ་བྱས་ཟེར།

ཨ་མེ་རི་ཁའི་གུང་ཁྲན་ཏང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་སྔ་མོ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་སེམས་གཏིང་ནས་སྨོན་འདུན་ཞུ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།