ཞི་ཅིན་ཕིང་ཚེས6ཉིན་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མགོ་ཁྲིད་པའི་དབུ་ཚོགས་སྟེང་ཞུགས་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་མགྲིན་ཚབ་པ་ཧུའུ་ཀྲའོ་མིང་གིས་ཚེས5ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན།  ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མགོ་ཁྲིད་པའི་དབུ་ཚོགས་ཟླ7པའི་ཚེས6ཉིན་བརྙན་ལམ་གྱི་རྣམ་པ་བརྒྱུད་ནས་འཚོགས་རྒྱུ་ཡིན་ལ།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཚོགས་འདུའི་སྟེང་ཞུགས་རྒྱུ་ཡིན་པ་མ་ཟད་གཙོ་དོན་གསུང་བཤད་ཀྱང་གནང་རྒྱུ་རེད། ཐེངས་འདིའི་ཚོགས་འདུའི་བརྗོད་དོན་ནི“མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་ཏང་གི་འགན་འཁྲི་ཡིན”ཞེས་པ་དེ་ཡིན་ཞིང་། རྒྱལ་ཁབ160ལྷག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་སོགས་ཀྱི་མགོ་ཁྲིད500ལྷག་དང་དེ་བཞིན་སྲིད་ཏང་གི་འཐུས་མི་ཆིག་ཁྲི་ལྷག་ཚོགས་འདུར་ཞུགས་རྒྱུ་རེད།

ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་སྐབས་འདིར་སྤེལ་བའི་ཕྱོགས་མང་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས།  འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་རིམས་ནད་ལས་བྱུང་བའི་འགྲན་སློང་ལ་ཐུན་མོང་སྒོས་ཁ་གཏད་གཅོག་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་བ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་རྒྱུ་བཅས་ཡིན། །

微信图片_20210705094113.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།