རང་རྒྱལ་གྱིས་ཆུ་གྲོན་ཆུང་བྱས་ཏེ་ཞིང་ཆུ་འདྲེན་པའི་གཞི་ཁྱོན་མུའུ་དུང་ཕྱུར5.67ལ་སླེབས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆུ་བེད་པུའུ་ཞིང་སྡེའི་ཆུ་བེད་ཆུ་གློག་སི་ཡི་སི་ཀྲང་ཁྲེང་མིན་ཀྲུང་གིས་ཚེས3ཉིན་བཤད་རྒྱུར། 2020ལོའི་ལོ་མཇུག་བར་ཏུ། རང་རྒྱལ་གྱིས་ཆུ་གྲོན་ཆུང་བྱས་ཏེ་ཞིང་ཆུ་འདྲེན་པའི་གཞི་ཁྱོན་མུའུ་དུང་ཕྱུར5.67ལ་སླེབས་པ་དང་། དེའི་ཁྲོད་ཞིང་ཆུ་གཏོར་འགྲེམ་དང་གནད་འཁེལ་ཆུ་འདྲེན། སྦུབས་ལམ་ཆུ་འདྲེན་སོགས་མཐོ་ནུས་ཆུ་སྲི་འདྲེན་གཏོང་གཞི་ཁྱོན་མུའུ་དུང་ཕྱུར3.5ལ་སླེབས་ཡོད་ཟེར། 

ཁྲེང་མིན་ཀྲུང་གིས་ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་ནས་བསྡུས་པའི་ནུབ་བྱང་ས་ཁུལ་གྱི་ཆུ་སྲི་གླེང་སྟེགས་སྐབས་དང་པོའི་སྟེང་ནས་བཤད་རྒྱུར། རང་རྒྱལ་གྱི་མཐོ་ནུས་ཞིང་ཆུ་འདྲེན་གཏོང་གཞི་ཁྱོན་དེ1949ལོའི་མུའུ་དུང་ཕྱུར2.4ནས་མིག་སྔར་གྱི་མུའུ་དུང་ཕྱུར10.37བར་འཕར་སྣོན་བྱུང་བ་དང་། དེ་འཛམ་གླིང་གི་ཞིང་ཆུ་འདྲེན་གཏོང་རྒྱལ་ཁབ་སྟོབས་ཆེན་དུ་གྱུར་ཡོད་ཅིང་། རྒྱལ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་གྱི50%ལྷག་གི་ཞིང་ཆུ་འདྲེན་པའི་གཞི་ཁྱོན་ཟིན་ནས། རྒྱལ་ཡོངས་སྤྱི་འབོར་གྱི75%ཡི་འབྲུ་རིགས་དང90%ཡན་གྱི་དཔལ་འབྱོར་སྐྱེ་དངོས་ཐོན་སྐྱེད་བྱས་ཡོད་ཟེར།

བསྡོམས་རྩིས་བྱས་པ་ལྟར་ན། ཉེ་བའི་ལོ30ཡི་རིང་ལ། རང་རྒྱལ་གྱི་ཞིང་ལས་ཐད་ཞིང་ཆུ་འདྲེན་ཚད་ལོ་རེར་ཆ་སྙོམས་སུ་སྨི་ལྷམ་པ་གྲུ་བཞི་དུང་ཕྱུར3400ལྷག་ཕལ་ཆེར་རྒྱུན་འཁྱོངས་བྱས་ཡོད་ཅིང་། སྤྱི་ཚོགས་ཡོངས་ཀྱི་ཆུ་བཀོལ་སྤྱོད་བྱེད་ཚད་ཀྱི56%ཡས་མས་ཟིན་ཡོད། ཞིང་ཆུ་འདྲེན་པའི་གཞི་ཁྱོན་རྒྱ་བསྐྱེད་པ་དང་ཞིང་ཆུ་འདྲེན་པའི་འགན་སྲུང་ཚད་གཞི་མཐོ་འདེགས་བྱུང་བ། འབྲུ་རིགས་སྤྱིའི་ཐོན་ཚད་བརྟན་པོས་ཡར་འཕར་བའི་གནས་ཚུལ་འོག རང་རྒྱལ་གྱི་ཞིང་ལས་ཐད་ཀྱི་སྤྱིའི་ཆུ་སྤྱོད་ཚད་ཕལ་ཆེར་བརྟན་བརླིང་ཡིན་པ་རྒྱུན་འཁྱོངས་བྱས་ཡོད་ཅིང་། ཆུ་གྲོན་ཆུང་བྱས་ཏེ་ཞིང་ཆུ་འདྲེན་པར་ཕན་ནུས་ཆེན་པོ་ཐོབ།

ཁྲེང་མིན་ཀྲུང་གིས་ནན་གྱིས་བསྟན་དོན། ང་ཚོས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆུ་འདྲེན་ཁུལ་གྱི་འཕེལ་རྒྱས་དང་བཅོས་བསྒྱུར་ཁྲོད་ཀྱི་གནད་དོན་ལ་དམིགས་ཏེ། བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་བྱ་བར་སྐུལ་འདེད་གཏོང་དགོས་ལ། ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་གི་མཐུད་འཛུགས་ལྷུ་ལག་ཆ་ཚང་དང་དེང་རབས་ཅན་གྱི་བསྒྱུར་བཀོད་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་ཆུ་སྤྱོད་དོ་དམ་གཟབ་ནན་བུ་གཏོང་དགོས། རིག་ནུས་ཞིང་ཆུ་འདྲེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། དབུལ་གཏོང་དངུལ་སྡུད་ལམ་ལུགས་རྐྱན་སྲོལ་གསར་གཏོད་བྱས་པ་བརྒྱུད། ཞིང་ལས་ཆུ་རིན་ཕྱོགས་བསྡུས་བཅོས་བསྒྱུར་ལ་མགྱོགས་མྱུར་སྒོས་སྐུལ་འདེད་དང་། ཞིང་ཆུ་འདྲེན་པའི་ལས་གཞི་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།