ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པའི་ཚོགས་ཆེན་སྟེང་གི་གི་གསུང་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་འགོ་འཛིན་བྱས་ཏེ་གཏམ་བཤད།

ཚང་མས་མགྲིན་གཅིག་ཏུ་བཞེད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ལྟ་རྒྱ་ཐོས་རྒྱ་ཆེ་ཞིང་ལོ་རྒྱུས་དང་དངོས་ཡོད། མ་འོངས་པ་བཅས་ཁོང་དུ་ཆུད་པའི་ཁྱད་ཆོས་ལྡན་ལ། དེས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པའི་ཆགས་སྟངས་དང་བློ་རྒྱ་མངོན་པར་བསྟན་ཡོད་ཅིང་། ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་དང་མི་དམངས་ཐུགས་ལ་བཅངས་པའི་བརྩེ་བ་དྲོན་མོ་མངོན་པར་མཚོན་ཡོད་པ་ལས་གཞན། དེར་དུས་ཚོད་དང་བར་སྟོང་ཅི་ཡོད་ཅིག་ཅར་སེལ་ནུས་པ་དང་གཞུང་ལུགས་ཀྱི་བཤད་སྟོབས་ཀུན་ནས་རྫོགས་པ། མི་སེམས་ལ་སྒུལ་ཤུགས་སྟེར་བ་བཅས་ཀྱི་ཡོན་ཏན་ཚང་བའི་མར་ཁེ་སི་རིང་ལུགས་ཀྱི་གཟི་འོད་འབར་བའི་ཡིག་ཚགས་ཤིག་དང་། ང་ཚོ་བགྲོད་ལམ་གསར་པའི་སྟེང་སྤོབས་པས་སྐྱོད་པར་ཁ་ཕྱོགས་ཀེར་བའི་ཚན་རིག་གི་རྩ་འཛིན་དང་ལག་ལེན་གྱི་ཕྱོགས་སྟོན་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།