ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་འགོ་འཛིན་བྱས་ཏེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐུན་མོང་སློབ་སྦྱོང་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 20210703102544TUJc.jpg

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་གཉིས་ཉིན་ཐུན་མོང་སློབ་སྦྱོང་སྤེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཆེད་དུ་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚོགས་འདུར་འགོ་འཛིན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་གཉིས་ཉིན་ཐུན་མོང་སློབ་སྦྱོང་སྤེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཆེད་དུ་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚོགས་འདུར་འགོ་འཛིན་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཏང་གིས་བགྲོད་ལམ་གསར་པའི་སྟེང་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འགན་འཁྲི་ཁག་ཁུར་བྱེད་པར་སྟོབས་དང་ལྡན་པའི་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲའོ་ལི་ཅི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཆབ་སྲིད་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁྱོན་ཡོངས་ལ་གཅིག་འདོམས་དང་ལོ་བརྒྱ་གཅིག་སྦྲེལ། མ་འོངས་རྒྱང་ལྟ་བཅས་བྱས་ཏེ། དགོངས་པ་གལ་ཆེན་དང་རིགས་ལམ་གལ་ཆེན། བླང་བྱ་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་ཟབ་མོ་གནང་བ་དེས། ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་རང་གཤིས་དང་སྙིང་སྟོབས་མ་ལག གཟི་བརྗིད་གོམས་སྲོལ། དམར་པོའི་ཁྲག་རྒྱུན་བཅས་གསལ་བོར་མཚོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་ཁག་ཁུར་དང་ལོ་རྒྱུས་རང་རྟོགས། མི་དམངས་ལངས་ཕྱོགས། བསྐྱར་དར་འགན་འཁྲི་བཅས་མངོན་པར་མཚོན་ཡོད་པས། ཆབ་སྲིད་སྐུལ་སློང་ནུས་ཤུགས་དང་ལོ་རྒྱུས་གསལ་སྟོན་ནུས་ཤུགས། གཞུང་ལུགས་བློ་འགུག་ནུས་ཤུགས། ཡིད་སེམས་གཡོ་འགུལ་ནུས་ཤུགས་བཅས་ཧ་ཅང་དྲག་པོ་ལྡན་ཞིང་། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ལོ་བརྒྱའི་ཏང་ཆེན་པོའི་འགོ་ཚུགས་ས་གསར་པར་རྐང་འཛུགས་པ་དང་། ལོ་བརྒྱར་བྱུང་མ་མྱོང་བའི་བསྒྱུར་བཅོས་ཆེན་པོའི་ཁྲོད་ཞུགས་པ། ལོ་བརྒྱའི་འབད་འཐབ་ཀྱི་བགྲོད་ལམ་གསར་པ་རྒྱུན་འཁྱོངས་བྱེད་པ་བཅས་ལ་ཁྲིད་སྟོན་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་ཡིན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་ནུས་དང་དོན་དངོས་ལ་སྦྲེལ་ཏེ་དགོངས་དོན་གྱི་སྙིང་བོར་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཀྲུང་ཧྭུ་མི་རིགས་གྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཏང་གི་འབད་འཐབ་ཀྱི་བརྗོད་གཞི་འདི་དམ་དུ་འཛིན་པ་དང་། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དམ་དུ་འཛིན་པ། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་གཏོད་བྱེད་པའི་ཉམས་མྱོང་བློ་འབྱེད་དང་རྩ་བའི་བླང་བྱ་དམ་འཛིན་པ། ཏང་ཀྲུང་དབྱང་གིས་ཏང་ཡོན་ཡོངས་ལ་བཏོན་ནས་འབོད་སྐུལ་ཆེན་པོ་དམ་དུ་འཛིན་པ། རང་ཉིད་གསར་བརྗེ་བྱེད་ཕོད་པའི་ཏང་གི་མཚོན་རྟགས་གསལ་བོ་འདི་དམ་དུ་འཛིན་པ་བཅས་བྱས་ཏེ། ནམ་ཡིན་ཡང་ཉེན་ཁའི་འདུ་ཤེས་དྲག་པོ་སྲུང་འཛིན་བྱེད་པ་དང་། ནམ་ཡང་ལམ་དུ་ཡོད་པའི་ཆབ་སྲིད་རང་རྟོགས་ཀྱིས་ཀུན་སྤྱོད་ཡོ་བསྲང་དང་སྒྲིག་ཁྲིམས་ནན་གཅུན། རུལ་སུངས་ངོ་རྒོལ་བཅས་བྱས་ནས། ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་རང་མདངས་མི་འགྱུར་བར་ཁག་ཐེག་བྱེད་པའི་ཆེད་དུ་བྱས་རྗེས་གསར་པ་འཇོག་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།