ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ཚོགས་ཆེན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ་ཞིང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ཚོགས་ཆེན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ་ཞིང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ལི་ཁེ་ཆང་གིས་མགོ་འཛིན་མཛད་ཅིང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་བཅས་ཚོགས་འདུར་ཞུགས།

1625111708402852.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་བརྒྱའི་བཞུད་ལམ་ལ་འོད་སྟོང་འབར།། ལོ་བརྒྱའི་སེམས་འདུན་ནི་སྔར་བཞིན་བརྟན།། ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་ཚོགས་ཤིང་། ལས་རིགས་སོ་སོའི་འཐུས་ཚབ་པ་ཁྲི7ལྷག་གིས་མཛད་སྒོའི་སྟེང་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་དགའ་སྟོན་རྟེན་འབྲེལ་ཞུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་འདས་པའི་ལོ་བརྒྱའི་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་རྒྱུགས་འབྲས་ཤིག་ཕུལ་བར་གསལ་འདེབ་བྱས་ཡོད་ལ། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཡང་བསྐྱར་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་ལེན་གྱི་ལམ་བུར་སྐྱོད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བྱ་གཞག་ལ་ཆོད་སེམས་བརྟན་པོ་བཅངས་ཡོད། ལོ་བརྒྱ་ཡི་ལོ་རྒྱུས་ནི་ཤེས་རབ་དང་སྟོབས་ཤུགས་ལྡན་པའི་ལོ་རྒྱུས་ཡིན། འདས་སོང་ལ་ཕྱིར་ལྟ་དང་མ་འོངས་པར་རྒྱང་ལྟ་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་སྟོབས་ཤུགས་ལྡན་ཞིང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དམ་ཟབ་ཡོད་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ཅིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་སྲིད།

1625111708853072.jpg

ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱི་ཚབ་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་རྒྱུན་མཐུད་ངང་ཧུར་བརྩོན་བྱས་པ་བརྒྱུད། ང་ཚོས་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཤིང་། ལོ་རྒྱུས་རང་བཞིན་གྱིས་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་པ་དང་། བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གཟི་བརྗིད་དང་། ཀྲུང་གོའི་མི་དམངས་ཀྱི་རླབས་ཆེན་གཟི་བརྗིད། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གཟི་བརྗིད་ཀྱང་ཡིན་ཞེས་ཁྱབ་བསྒྲགས་བྱས།

1625111709143260.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་མགོ་འཛིན་མཛད།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལི་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་མཛད་སྒོར་ཞུགས་ཡོད།

《རི་གླུ་སྙན་མོ་ཏང་ལ་འབུལ》དང《ང་ཚོ་ལམ་ཆེན་དུ་བསྐྱོད》《གནམ་ས་གསར་པ》《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》སོགས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་མགོ་མ་བརྩམ་གོང་། ཚོགས་ར་ཡོངས་ནས་སྐད་གསང་མཐོ་ཞིང་བློ་སྤོབས་ཆེན་པོས་གླུ་གཞས་བླངས་ནས་ཏང་ལ་དགའ་ཞེན་དང་སྨོན་འདུན་ཞུས།

དམངས་གཙོའི་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་མཉམ་འབྲེལ་གྱིས་ཤིས་ཚིག་ཕུལ་ནས།  ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུང་དབྱང་ཀྲུའུ་ཞི་ཝན་ཨེ་ཞང་གིས་ཤིས་ཚིག་ཕུལ་ནས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་སྲོག་ཤིང་སྟེ། རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུས།

གུང་གཞོན་ཚོགས་པའི་ཚོགས་མི་དང་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མིས་ཐུན་མོང་སྒོས་ཤིས་ཚིག་ཕུལ་ཏེ། ཏང་ལ་ལང་ཚོའི་བསྟོད་གླུ་ཕུལ་ནས“ཏང་གི་བློ་སེམས་བདེ་ལ་བབས་ཆོག་ཏེ། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བར་ང་རང་ཡོད”ཅེས་པའི་དམ་བཅའ་བཞག

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་།  ཁོང་གིས་གསུང་རྒྱུར། དེ་རིང་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ཧ་ཅང་གལ་ཆེ་ལ་རྔམ་བརྗིད་ལྡན་པའི་ཉིན་མོ་ཞིག་ཡིན། ང་ཚོ་འདི་རུ་གཟབ་རྒྱས་ངང་ལྷན་ཅིག་ཏུ་འཛོམས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་དང་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་བཀྲག་མདངས་འཚེར་བའི་མདུན་ལམ་ལ་རྒྱང་ལྟ་བྱེད་ཞེས་བསྟན་ལ། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གི་གསུང་བཤད་མཇུག་རྫོགས་རྗེས།  ཡུལ་དངོས་ཀྱི་མི་རྣམས་ཡར་ལངས་ནས་ཚོགས་ར་ཡོངས་སུ་ཡུན་རིང་ལ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཤིང་། 

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་སྒྲའི་ཁྲོད་མཇུག་སྒྲིལ།

པེ་ཅིང་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་དང་ཀྲུང་གོར་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། ཕྱི་རྒྱལ་གྱི་ཆེད་མཁས་པའང་གདན་ཞུས་ལྟར་ཚོགས་ཆེན་སྟེང་ཞུགས་ཡོད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།