ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་ཟླ7པའི་ཚེས1ཉིན་གྱི་དགོང་མོ་གཏོང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན《རླབས་ཆེན་གྱི་བཞུད་ལམ》ཅེས་པ་ཟླ7པའི་ཚེས1ཉིན་གྱི་དགོང་མོར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་ནས་གཏོང་རྒྱུ་རེད། སྐབས་དེར་རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་རླུང་འཕྲིན་བརྙན་འཕྲིན་ཀྱི་འཕྲིན་ལམ་གཙོ་བོ་དང་སྒྲ་རླབས་ཟློས་ཕྱོད་གཙོ་བོ། གསར་འགྱུར་དྲ་ཚིགས། སྨྱན་བྱད་གསར་བའི་སྟེགས་བུ་བཅས་ནས་དུས་མཉམ་དུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།