ཀྲུང་གོ་བོད་ཀྱི་དྲ་བ།

“ཙུང་ལི་ཀྲོའུ་ཨན་ལེ་དང་ཀྲུང་གོ་གསར་བའི་ཕྱི་འབྲེལ་བཤམས་སྟོན”སུའེ་ཙེའི་རྒྱལ་ས་པའོ་ཨར་ཉི་རུ་མགོ་བརྩམས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་གཟབ་རྒྱས་ངང་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། ཚེས29ཉིན་སུའེ་ཙེ་རུ་སྡོད་པའི་ཀྲུང་གོ་གཞུང་ཚབ་ཁང་ཆེན་མོས་གཙོ་སྒྲུབ་བྱས་པའི“ཙུང་ལི་ཀྲོའུ་ཨན་ལེ་དང་ཀྲུང་གོ་གསར་བའི་ཕྱི་འབྲེལ་བཤམས་སྟོན”སུའེ་ཙེའི་རྒྱལ་ས་པའོ་ཨར་ཉི་རུ་མག་ོབརྩམས།

མཉམ་འབྲེལ་རྒྱལ་ཚོགས་རུ་ནེ་ཝ་རུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་གཞུང་དོན་ཁང་དང་སུའེ་ཙེ་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་ཁྲེན་ཞུའུ།  ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་ཧུང་དབྱི་པིན། སུའེ་ཙེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཧྲི་ཐིང་སོགས་ཉིན་དེའི་བྱ་འགུལ་ནང་ཞུགས་པ་མ་ཟད། བཤམས་སྟོན་གྱི་སྒོ་ཡོལ་ཕྱེས།

བཤམས་སྟོན་ཁང་འདིས་ཙུང་ལི་ཀྲོའུ་ཨན་ལེ་ཡིས་རུ་ནེ་ཝ་གྲོས་ཚོགས་སྟེང་ཞུགས་པའི་གནས་ཚུལ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའེ་ཙེ་དང་མཉམ་འབྲེལ་རྒྱལ་ཚོགས་རུ་ནེ་ཝ་སྤྱི་ཁྱབ་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས་ལ་འཚམས་འདྲི་བྱས་པ་གཙོ་གནད་དུ་བཟུང་སྟེ། ཀྲུང་གོ་གསར་བའི་ཕྱི་འབྲེལ་ལས་དོན་གོང་ནས་གོང་དུ་འཕེལ་བའི་འགྲོ་རིམ་གལ་ཆེན་རྣམས་བསྐྱར་མཚོན་བྱས་ཡོད་ལ། བཤམས་སྟོན་འདི་ནི་ལོ་རྒྱུས་ཡིག་ཆ་བརྒྱུད་ནས་ཀྲུང་གོའི་ཞི་བདེའི་ཕྱི་འབྲེལ་གྱི་སྲིད་ཇུས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པའི་འདུ་ཤེས་མངོན་མཚོན་བྱས་ཏེ། དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཞིབ་བརྗོད་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་སྐྲུན་པ་རེད།

“ཙུང་ལི་ཀྲོའུ་ཨན་ལེ་དང་ཀྲུང་གོ་གསར་བའི་ཕྱི་འབྲེལ་བཤམས་སྟོན”དེ་ནི་སུའེ་ཙེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་སྡོད་གནས་རྙིང་བ་སྟེ་ད་ལྟའི་སུའེ་ཙེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོའི་ར་སྐོར་ཨང7རུ་གནས་ཡོད། 1954ལོའི་ཟླ4པ་ནས་ཟླ7པའི་བར་ཙུང་ལི་ཀྲོའུ་ཨན་ལེ་ཡིས་ཀྲུང་གོའི་གཞུང་ཚབ་པའི་སྣེ་ཁྲིད་དེ་རུ་ནེ་ཝའི་ཚོགས་འདུར་ཞུགས། ཚོགས་འདུར་ཞུགས་རིང་པའོ་ཨར་ཉི་རུ་ཕེབས་ནས་སུའེ་ཙེ་མནའ་འབྲེལ་ཀྲུའུ་ཞི་དང་ཕྱི་འབྲེལ་དཔོན། ཧྥ་རན་སིའི་ཙུང་ལི་དང་དབང་འཛིན་པ་གཞན་དག་བཅས་ལ་ཐུག་འཕྲད་གནང་བ་རེད། ཀྲོའུ་ཙུང་ལི་དང་མཉམ་དུ་ཚོགས་འདུར་འགྲོ་རོགས་གནང་བའི་མི་སྣས་ཕྱིར་དྲན་བྱས་དོན། ཙུང་ལི་ཡིས་པའོ་ཨར་ཉི་རུ་སླེབས་ཐེངས་རེར་སུའེ་ཙེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་ཕེབས་ནས་གཞུང་ཚབ་ཁང་གི་ཕྱི་འབྲེལ་མི་སྣར་འཚམས་འདྲི་གནང་བ་དང་ཚོགས་འདུ་བསྡུས་ནས་བྱ་བར་ཞིབ་འཇུག་བྱས། ཀྲོའུ་ཙུང་ལི་ཡིས་ད་དུང་ར་སྐོར་ཨང7པའི་ནང་ལོ་རྒྱུས་རང་བཞིན་ལྡན་པའི་འདྲ་པར་རྩ་ཆེན་ཞིག་ཀྱང་བསྐྱོན་ཡོད་པ་རེད།

བཤམས་སྟོན་ཁང་གི་འཛུགས་སྐྲུན་ཐད་རུ་ནེ་ཝ་རུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གིས་བླ་མེད་ཀྱི་རྒྱབ་སྐྱོར་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།