ཝང་དབྱི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུར་ཞུགས་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་བསྒྲགས་རྒྱུར། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་དབྱི་ཐ་ལི་ཡི་ཕྱི་འབྲེལ་པུའུ་ཀྲང་ཏི་མཱ་ཡུའེ་ཡི་གདན་ཞུས་ལྟར། ཟླ6པའི་ཚེས29ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་བརྙན་ལམ་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུར་ཞུགས་རྒྱུ་རེད།  ཚོགས་འདུས་ཕྱོགས་མང་རིང་ལུགས་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།